ཆབ་སྲིད་བཙོན་ཟུར་བླ་བྲང་འཇིགས་མེད་རྒྱ་མཚོ་གློད་གྲོལ།

བོད་ཀྱི་ཆབ་སྲིད་བཙོན་ཟུར་བླ་བྲང་འཇིགས་མེད་རྒྱ་མཚོ་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༡ ཟླ་ ༨ ནང་འཛིན་བཟུང་བྱས་ནས། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༦ ཉིན་ལན་ཀྲོའུ་གྲོང་ཁྱེར་གྱི་བཙོན་ཁང་ནས་བཙོན་གྲོལ་ཐོབ་ཡོད་འདུག
14721613_10154716366854802_2418279209876378914_nདེ་སྔ་རྒྱ་ནག་གཞུང་གིས་ཁོང་སྔ་ཕྱིར་ཐེངས་ཁ་ཤས་འཇུ་བཟུང་བཀག་ཉར་བྱས་རྗེས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་༨ ནང་འཛིན་བཟུང་ངང་བཀག་ཉར་བྱས་ཏེ། ཕྱི་ལོ་༢༠༡༤ ཟླ་༩ ཕྱི་ཚེས་༥ ཉིན་རྒྱ་ནག་ཀན་སུའུ་ཞིང་ཆེན་ལན་ཀྲའོ་གྲོང་ཁྱེར་ནང་ཡོད་པའི་ཁྲིམས་ཁང་ཞིག་གིས་ཁོང་ལ་བཙུགས་པའི་གྱོད་གཞིའི་ཐོག་ཁྲིམས་བཤེར་བྱས་པ་དང་། ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་བཤམས་ཡོད་པའི་ཉེས་འཛུགས་བྱས་ཏེ། མི་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

བླ་བྲང་འཇིགས་མེད་རྒྱ་མཚོའམ་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ཟེར་གྱི་ཡོད་པ་དང་། བླ་བྲང་དགོན་པའི་དགེ་འདུན་པ་དང༌། བླ་བྲང་དགོན་པའི་ཉེ་འདབ་ཕུག་སྡེ་ཞེས་པ་ནས་ཡིན་ཞིང༌། ཕྱི་ལོ་༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་ཨམ་རཱ་ཝ་ཏི་ལ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་གིས་བསྩལ་བའི་དུས་འཁོར་དབང་ཆེན་ཞུས་རྗེས། ཕྱིར་ཕ་ཡུལ་དུ་ལོག་མ་ཐག་བསང་ཆུ་རྫོང་སྤྱི་བདེ་ལས་ཁུངས་སོགས་ཀྱིས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་དང་དོགས་གཞི་འོག་ཐེངས་བཞི་ཙམ་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་པ་དང༌། རྗེས་སུ་བོད་ནང་གི་ཞི་རྒོལ་སྐབས་ཁོང་གིས་བོད་ཕྱི་ལ་ཡོད་པའི་བོད་སྐད་རླུང་འཕྲིན་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཇིགས་ཞུམ་མེད་པར་བོད་ནང་གི་དཀའ་སྡུག་གནས་སྟངས་དང༌། གཞིས་ལུས་བོད་མིའི་རེ་འདུན་ངོ་མ་གསལ་བཤད་བྱས་པ་མ་ཟད། ཁོང་འཛིན་བཟུང་བཀག་ཉར་རིང་མནར་གཅོད་བཏང་བའི་བརྒྱུད་རིམ་སོགས་བརྙན་འཕྲིན་བརྒྱུད་དེ་གསལ་བཤད་གནང་པ་རེད།

14681802_1696417477342691_8853192316098835470_nཟླ་འདིའི་ཚེས་༢༦ ཉིན་ཁོང་གློད་གྲོལ་བཏང་བ་དང་། རྒྱ་ནག་གཞུང་གིས་ལན་ཊི་རུ་མི་མང་སྣེ་ལེན་བྱེད་དུ་ཡོང་རྒྱུ་བཀག་འགོག་བྱས་ཡོད་ནའང་། ཁོང་ནང་ལ་འབྱོར་སྐབས་མི་མང་གིས་ཁོང་ལ་ཁ་བཏགས་འཐེན་ཏེ་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||