ཨི་ཊ་ལིར་ས་ཡོམ་ཤུགས་ཆེན་ཐེངས་གཉིས་པ་བརྒྱབ་པ།

ཡུ་རོབ་ཨི་ཊ་ལིའི་དཀྱིལ་ཁུལ་དུ་ས་ཡོམ་ཤུགས་ཆེན་ཐེངས་གཉིས་བརྒྱབ་འདུག་པ་དང་། ད་ལྟའི་ཆར་མི་གྲངས་བཅུ་ཕྲག་ཁ་ཤས་རྨས་སྐྱོན་ཕོག་པ་དང་ཁང་བརྩེགས་ཁ་ཤས་ལ་རྡིབ་སྐྱོན་བྱུང་བའི་གནས་ཚུལ་ཐོན་ཡོད་འདུག

14874998_1296176257072907_69661769_nདེ་ཡང་ཟླ་འདིའི་ཚེས་༢༧ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། ཨི་ཊ་ལིའི་མཱ་སེ་ར་ཏའི་ཝི་སོ་ས་ཁུལ་དུ་ཐོག་མར་ས་ཡོམ་ཤུགས་ཚད་༥.༥ དང་གཏིང་ཚད་ཀི་ལོ་མི་ཊར་༩ ཅན་ཞིག་བརྒྱབ་པ་དང་། སླར་ཡང་ཆུ་ཚོད་གཉིས་ཀྱི་རྗེས་ལ་ཁུལ་དེ་གར་ས་ཡོམ་ཤུགས་ཚད་༦.༡ དང་གཏིང་ཚད་ཀི་ལི་མི་ཊར་༡༠ ཅན་ཞིག་བརྒྱབ་ཡོད་འདུག དེ་རྗེས་བསྐྱར་དུ་ས་ཡོམ་ཤུགས་ཆུང་བ་ཐེངས་ཁ་ཤས་བརྒྱབ་ཡོད་འདུག

ད་ལྟའི་ཆར་མི་བཞི་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག་པ་དང་། དེ་མིན་མི་གྲངས་བཅུ་ཕྲག་ཁ་ཤས་ལ་རྨས་སྐྱོན་ཕྲན་བུ་ཕོག་ཡོད་པ་ཤེས་རྟོགས་བྱུང་འདུག གནམ་གཤིས་ཡག་པོ་མེད་རྐྱེན། སྐྱོན་ཆག་གི་གནས་སྟངས་ཞིབ་ཕྲ་ཤེས་རྟོགས་ཡོང་བར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད་འདུག

ས་ཡོམ་རྒྱག་ཡུལ་གྱི་ཁུལ་དེ་ནི་ལོ་འདིའི་ཟླ་༨ པའི་ནང་ས་ཡོམ་༦.༢ དང་གཏིང་ཚད་ཀི་ལོ་མི་ཊར་༡༠ ཅན་ཞིག་བརྒྱབ་ནས། མི་༣༠༠ ལྷག་གི་ཚེ་སྲོག་ཤོར་ཡུལ་གྱི་གྲོང་སྡེ་དེ་ལས་རྒྱང་ཐག་ཀི་ལོ་མི་ཊར་༧༠ ཙམ་གྱི་སར་གནས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||