༧གོང་ས་མཆོག་གིས་བླ་མའི་ཚུལ་མིན་བྱ་སྤྱོད་ཡོངས་གྲགས་བཟོས་དགོས་སྐོར་གསུངས།

བདུན་ཕྲག་སྔོན་མའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ལ་དྭགས་ནང་གི་ནང་ཆོས་ཞེས་པའི་གླེང་ལྷན་ཚོགས་ཐོག་༧གོང་ས་མཆོག་གིས། གལ་ཏེ་བླ་མ་ཞིག་གིས་ཚུལ་མིན་བྱ་སྤྱོད་ལ་འཇུག་ཚེ། བྱ་སྤྱོད་དེ་རིགས་ཡོངས་བསྒྲགས་བཟོས་དགོས་པ་དང་། དེ་བཞིན་བླ་མའི་གསུང་ལ་བརྟག་དཔྱད་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག

ཟླ་༨ པའི་ཚེས་༨ ཉིན་ནང་པ་དང་འབྲེལ་བའི་དྲ་རྒྱ་སེང་གེའི་གད་རྒྱངས་ཞེས་པའི་ཐོག་བརྙན་ཐུང་དང་གནས་ཚུལ་སྤེལ་གསལ། ༧གོང་ས་མཆོག་གིས་རང་ཉིད་ཀྱི་བླ་མ་ཡིན་ཞེས་གང་གསུངས་པ་དང་ལེན་བྱེད་མི་རུང་བ་དང་། སངས་རྒྱས་བཅོལ་ལྡན་འདས་ཀྱིས་གསུངས་པ་བཞིན། བླ་མའི་གསུང་ལ་བརྟག་དཔྱད་བྱེད་དགོས་པ་དང་། གལ་ཏེ་དེ་ཕན་གྱི་མེད་པ་ཤེས་ཚེ་དང་ལེན་བྱེད་མི་དགོས་པ། ཁོང་རིག་གི་གསུང་ལ་ཡང་བརྟག་དཔྱད་བྱེད་དགོས་ཁར། འགལ་ཟླ་མཐོང་ཚེ་དང་ལེན་བྱེད་དགོས་ཀྱི་མེད་སྐོར་གསུངས་འདུག

དེ་བཞིན་༧གོང་ས་མཆོག་གིས་ལོ་ངོ་༡༥ ཡི་སྔོན་ལ་ནུབ་ཕྱོགས་ཀྱི་ནང་པའི་དགེ་རྒན་ལྷན་ཚོགས་ཞིག་ཐོག ཚོགས་བཅར་བ་ཁག་ཅིག་གིས་བོད་ཀྱི་ནང་པ་དང་རྒྱའི་ཛེན་བླ་མ་ཁག་ཅིག་གིས། ནང་པའི་མིང་ལ་གནོད་པའི་ལས་ཀ་བྱེད་ཀྱི་ཡོད་སྐོར་བརྗོད་སྐབས། ༧གོང་ས་མཆོག་ནས་བླ་མ་ཞིག་གིས་ཚུལ་མིན་གྱི་བྱ་སྤྱོད་ལ་འཇུག་ཚེ། དེ་རིགས་གསར་ཤོག་དང་རླུང་འཕྲིན་སོགས་ཀྱི་བརྒྱུད་ནས་ཡོངས་བསྒྲགས་བཟོས་དགོས་སྐོར་གསུངས་ནས། བླ་མ་དེ་རིགས་ཀྱིས་བཅོམ་ལྡན་འདས་ཀྱི་གསུང་ལ་བརྩི་སྲུང་བྱེད་ཀྱི་མེད་ཀྱང་། རང་ཉིད་ཀྱི་མིང་ལ་སེམས་ཁྲལ་ཡོད་རེད་ཅེས་ལན་འདེབས་གནང་བ་ཡིན་སྐོར་གསུངས་འདུག
སྐབས་དེར་༧གོང་ས་མཆོག་གིས་ཁོང་དང་བསོད་རྒྱལ་རིན་པོ་གྲོགས་པོ་ཡིན་པ་དང་། ཉེ་བའི་ཆར་བསོད་རྒྱལ་རིན་པོ་ཆེའི་དགེ་ཕྲུག་རྣམས་ཀྱིས། ཁོང་གི་ཚུལ་མིན་གྱི་བྱ་སྤྱོད་ཡོངས་གྲགས་བཟོས་ནས། ཁོང་ལ་མཚན་ཤས་ཆགས་ཡོད་སྐོར་གསུངས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 739

Leave a Reply