༧སྐུའི་ཉེན་སྲུང་ཉེན་རྟོག་པ་༡༣ གནས་སྐབས་གནས་དབྱུང་བཏང་འདུག

ཟླ་༡ པོའི་ཚེས་༣ ཉིན་རྒྱ་གར་གྱི་གསར་ཁང་ཧིན་རྡུ་སི་ཐན་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་གར་རྡེ་རྗེ་གདན་དུ་༧གོང་ས་མཆོག་གི་བདེ་འཇགས་ཆེད་དུ་འགྲེམས་འཇོག་བྱས་པའི་ཉེན་རྟོག་པ་༡༣ གོ་སྒྲིག་བྱས་པའི་ས་གནས་སུ་མ་བསྡད་པར་ལྷོད་གཡེང་བྱས་རྐྱེན། ཉེན་རྟོག་སྤྱི་ཁྱབ་པས་ཉེན་རྟོག་པ་༡༣ དེ་གནས་སྐབས་རིང་ལས་གནས་ནས་གནས་དབྱུང་བཏང་ནས། བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་གི་བདེ་འཇགས་ཐད་ཆད་ནོར་ལ་གུ་ཡངས་གཏོང་རྒྱུ་མིན་སྐོར་བརྗོད་ཡོད་འདུག

གནས་སྐབས་གནས་དབྱུང་བཏང་བའི་ཉེན་རྟོག་པའི་ཁོངས་སུ། ཉེན་རྟོག་དཔོན་གཞོན་པ་( Sub inspector) གཉིས་ཀྱང་ཡོད་འདུག

༧གོང་ས་མཆོག་གི་སྐུའི་བདེ་འཇགས་ཀྱི་ཚད་གཞི་ནི་རྒྱ་གར་ནང་གི་ཚད་མཐོ་ཤོས་ཏེ་(Z+) ཞེས་པ་དེ་ཡིན་འདུག་པ་དང་། རྒྱ་གར་ནང་བདེ་འཇགས་དེ་རིགས་ཐོབ་མཁན་མི་༡༧ ལས་མེད་འདུག དེའི་ཁོངས་སུ་སྲིད་བློན་མཱོ་ཌི་དང་། དབུས་གཞུང་གི་བློན་ཆེན་ཁག་ཅིག་ཚུད་ཀྱི་ཡོད་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 2147

Leave a Reply