༸གོང་ས་མཆོག་བཞུགས་སྒར་དྷ་སར་ཆིབས་བསྒྱུར།

ཟླ་འདིའི་ཚེས་༡༣ ཉིན་གྱི་སྔ་དྲོ་༧གོང་ས་མཆོག་གི་རྒྱ་གར་རྒྱལ་ས་ལྡི་ལི་དང་ལྷོ་ཕྱོགས་ཨནྡྲ་པར་དེ་ཤི་མངའ་སྡེ་བཅས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། བཞུགས་སྒར་དྷ་སར་ཆིབས་བསྒྱུར་གནང་ཡོད་པ་རེད།

unspssecified

tibet.net

དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཏི་ལང་ག་ན་(Telengana) མངའ་སྡེའི་གྲོང་ལྟེ་གནས་སུ་ཆིབས་བསྒྱུར་གནང་བ་དང་། ཕྱི་དྲོ་དེར་༸གོང་ས་མཆོག་གིས་སར་དཱར་བྷལ་ལ་བྷ་ཡི་པ་ཊེལ་རྒྱལ་ཡོངས་སྐོར་སྲུང་ཉེན་རྟོག་ཤེས་ཡོན་བསྟི་གནས་ཁང་ Sardar Vallabhbhai Patel National Police Academy  ཞེས་པ་དེར་ཆིབས་སྒྱུར་བསྐྱངས་ནས་ཤིང་སྣ་འདེབས་འཛུགས་མཛད་རྗེས་དཔའ་བོ་རྗེས་དྲན་གྱི་རྡོ་རིང་གི་མདུན་དུ་ཐུགས་སྨོན་མཛད།  དེ་ནས་སྐོར་སྲུང་ཉེན་རྟོག་པ་མི་གྲངས་༢༠༠ ལ་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།

སྐབས་དེར་༸གོང་ས་མཆོག་གིས་སྐོར་སྲུང་ཉེན་རྟོག་པ་རྣམས་ཀྱང་འགྲོ་བ་མི་རིགས་གཅིག་མཚུངས་ཤིག་ཡིན་སྟབས། འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་བཟུང་ནས་གཞན་ལ་བྱམས་བརྩེའི་ཉམས་ལེན་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་།  ལྷག་པར་རྒྱ་གར་ལྟ་བུ་འཛམ་གླིང་ནང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཀྱི་སྒྲིག་འཛུགས་དང་ཁྲིམས་སྲུང་སྐྱོབ་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཆགས་ཡོད་སྟབས་དྲང་པོ་དང་ལྷག་བསམ་རྣམ་དག་ཐོག་ནས་ཡུལ་ཁྲིམས་སྲུང་སྐྱོབ་བྱེད་དགོས་པ་དང་།  ཉམ་ཐག་རྣམས་ཀྱི་མགོན་སྐྱབས་བྱེད་ཐུབ་པ་ཞིག་དགོས་ཞེས་དང་།   བོད་བརྒྱུད་ནང་བསྟན་ཆོས་ལུགས་རྒྱ་གར་ནས་དར་བའི་སྐོར་སོགས་བཀའ་སློབ་གནང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share on Facebook28Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 149

Leave a Reply