ཅང་ཅེ་ཧྲེའི་སྒེར་གཅོད་རིང་ལུགས་ཀྱི་མཚོན་དོན་གཙང་སེལ་བྱ་འཆར།

ཐའེ་ཝན་གྲོས་ཚོགས་ནང་གོ་མིན་ཏང་གི་འགོ་ཁྲིད་ཅང་ཅེ་ཧྲེ་དང་། ཁོང་གི་སྒེར་གཅོད་རིང་ལུགས་པའི་རྣམ་པ་མཚོན་ཆེད་ཀྱི་མིང་། དྲན་གསོའི་འདྲ་སྐུ་སོགས་བཤམ་སྟོན་མི་ཆོག་པའི་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་ཐོབ་འདུག

ཟླ་༡༢ པའི་ཚེས་༦ ཉིན་ཧོང་ཀོང་གི་ལྷོ་རྒྱ་ནག་རྒྱ་མཚོའི་ཞོགས་འཕྲིན་སྟེང་གནས་ཚུལ་བཀོད་གསལ། ཟླ་༡༢ པའི་ཚེས་༥ ཉིན་ཐའེ་ཝན་གྱི་གྲོས་ཚོགས་ནང་དྲང་བདེན་འཕོ་འགྱུར་གྱི་ཁྲིམས་འཆར་ཞེས་པ་དེར། མང་མོས་རྒྱབ་སྐྱོར་ཐོབ་འདུག་པ་དང་། བདུན་ཕྲག་བཞིའི་ནང་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝེན་གྱིས། ཁྲིམས་འཆར་དེར་མིང་རྟགས་བཀོད་ནས་ཁྲིམས་ལ་གཏན་འབེབས་བྱེད་སྲིད་པ་རེད་འདུག

ཁྲིམས་འཆར་དེའི་ནང་ཅང་ཅེ་ཧྲེ་ཡི་སྒེར་གཅོད་རིང་ལུགས་སྐབས་ཀྱི་མཚོན་དོན་དང་། དེར་ཁྲིམས་ཐོག་ནས་ངོས་ལེན་མེད་པ་བཟོ་དགོས་སྐོར་བརྗོད་ནས། ལམ་དང་སློབ་གྲྭ་སོགས་ཀྱི་མིང་གིས། ཅང་ཅེ་ཧྲེ་དང་སྒེར་གཅོད་རིང་ལུགས་ཀྱི་དབང་སྒྱུར་དྲན་གསོ་བྱེད་ཀྱི་ཡོད་ཚེ། དེ་དག་ཚང་མའི་མིང་གསར་པ་འདོག་དགོས་ཀྱི་ཡོད་པ་དང་། ཅང་ཅེ་ཧྲེ་ཡི་འདྲ་སྐུ་ཚང་མ་བཤམ་སྟོན་མི་ཆོག་པ་བྱས་ཡོད་འདུག

ཁྲིམས་འཆར་དེས་ཕྱི་ལོ་༡༩༤༧ ནས་༡༩༧༥ བར་ཅང་ཅེ་ཧྲེ་ཡིས། ཆབ་སྲིད་ཀྱི་ཁ་གཏད་པ་རྣམས་གཙང་སེལ་གྱི་ལས་འགུལ་སྤེལ་ཡོད་པ་དེར། ཞིབ་འཇུག་མཐིལ་ཕྱིན་པ་བྱ་རྒྱུའི་ལམ་ཁ་ཡང་བཟོས་ཡོད་འདུག དེ་ཡང་ལས་འགུལ་བ་མང་པོ་ཞིག་གིས་རྒྱུན་རིང་ནས་དུས་སྐབས་དེའི་རིང་བཙོན་འཇུག་དང་སྲོག་ཐོག་གི་གནོད་འཚེ་ཕོག་ཡུལ་རྣམས་ཀྱི་ཉེས་མིང་གཙང་མ་བཟོ་དགོས་པ་དང་། སྡུག་སྦྱོང་གཏོང་མཁན་རྣམས་གསལ་སྟོན་བྱེད་པའི་དགོས་འདུན་འདོན་བཞིན་ཡོད་འདུག

 

དེ་བཞིན་ཁྲིམས་འཆར་དེའི་ནང་གོ་མིན་ཏང་སྲིད་དོན་ཚོགས་པས། ཕྱི་ལོ་༡༩༤༥ ནས་༡༩༩༢ བར་གྱི་སྲིད་དོན་ཡིག་ཆ་ག་ཚོད་ཡོད་པ་ཚང་མ་གསལ་བཤད་བྱེད་དགོས་ཀྱི་ཡོད་པ་དང་། ཡིག་ཆ་དེ་དག་ཅང་ཅེ་ཧྲེ་ཡི་དབང་སྒྱུར་ལ་ཞིབ་འཇུག་བྱེད་ཆེད། རྒྱལ་ཁབ་ཀྱི་ཡིག་མཛོད་ཁང་དུ་སྤྲོད་དགོས་པའི་བཀའ་ཡང་གཏོང་སྲིད་པ་རེད་འདུག

ཐའེ་ཝན་གྱི་གྲོས་ཚོགས་ནང་མང་མོས་ཡིན་པའི་མང་གཙོ་ཡར་ཐོན་ཚོགས་པས། ཁྲིམས་འཆར་དེ་ནི་གནོད་འཚེ་ཕོག་ཡུལ་རྣམས་ལ་སེམས་གསོ་དང་གུན་གསབ་སྤྲོད་པ

འི་འགྲིགས་འཇགས་ཀྱི་ཟམ་པ་ཞིག་ཡིན་སྐོར་བརྗོད་འདུག་ཀྱང་། གོ་མིན་ཏང་སྲིད་དོན་ཚོགས་པས། ཁྲིམས་འཆར་དེ་ནི་རྩ་ཁྲིམས་དང་མཐུན་གྱི་མེད་སྐོར་དང་། དེས་མང་གཙོ་ཡར་ཐོན་ཚོགས་པར་ཁྲིམས་ཞིབ་ལམ་ལུགས་ནང་ཐེ་བྱུས་བྱེད་ཆེད་ཀྱི་ཁ་གཡར་ས་ཞིག་ཡིན་སྐོར་བརྗོད་ཡོད་འདུག

ལོ་སྔོན་མར་ཐའེ་ཝན་གྲོས་ཚོགས་ཀྱིས། རྒྱལ་ནང་གི་སྲིད་དོན་ཚོགས་པ་ཚང་མར་ཁྲིམས་འགལ་ཐོག་ནས་ཐོབ་པའི་དངུལ་དང་རྒྱུ་དངོས་ཚང་མ་ཞིབ་འཇུག་དང་། གཞུང་བཞེས་གཏོང་བའི་ཁྲིམས་འཆར་ཞིག་ལ་རྒྱབ་སྐྱོར་བྱས་ཡོད་འདུག་ཀྱང་། གོ་མིན་ཏང་སྲིད་དོན་ཚོགས་པ་གཅིག་པུར་ཞིབ་འཇུག་བྱས་ཡོད་པས། ཁྲིམས་འཆར་དེ་ཁ་གཏད་ཚོགས་པར་དམིགས་པ་ཡིན་སྐོར་གྱི་སྐྱོན་བརྗོད་བྱུང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 424

Leave a Reply