ཆོས་བརྡ་གསལ་བསྒྲགས།

dechoeརིས་མེད་བསྟན་པའི་གསལ་བྱེད་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་བསྡུས་ནས་ད་བར་རྒྱ་བལ་འབྲས་འབྲུག་གི་ཞལ་སློབ་རྣམས་ཀྱིས་གཙོས་ཕྱི་བཞུགས་སློབ་མ་སློབ་བརྒྱུད་ཡོངས་ནས་ལོ་ལྟར་གནས་མཆོག་རྡོ་རྗེ་གདན་དུ་འདས་མཆོད་སྨོན་ལམ་འཚོགས་དང་འཚོག་བཞིན་པ་དགོངས་མངའ་ལྟར། ད་ལོ་འདས་མཆོད་སྐབས་༡༤པའི་ཚོགས་མགོན་དུ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་དང་། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ་སོགས་ཆེད་ཕེབས་གྱིས། སྤྱི་ལོ་ 2017 ལོའི་ཟླ་ 01 ཚེས་ 22/23/24 བོད་ཟླ་༡༡ ཚེས་ ༢༥།༢༦།༢༧། སྟེ་ཉིན་༣་རིང་འཚོག་ཀྱི་ཡོད་པ་དང་། སྐབས་དེར་སྔ་ཕྱིར་ཉིན་ལྔའི་བཞུགས་ཤག་དང་། བཞེས་ལག སྐུ་འགྱེད་བཅས་གོ་སྒྲིག་ཞུ་འཆར་ཡོད་ན་སྤྱིར་རིས་སུ་མ་ཆད་པའི་གྲྭ་བཙུན་སྔགས་གསུམ་གང་མང་དང་། ཡང་དགོས་གསེར་ཐང་བླ་མ་རུང་གི་སློབ་མ་སློབ་བརྒྱུད་རྣམས་དམིགས་བསལ་གྲ་སྒྲིག་ཆེད་ཉིན་༡༠ ཙམ་སྔ་ནུར་གྱིས་ཕེབས་རྒྱུར་སྙིང་ཐག་པ་ནས་གསོལ་འདེབས་ཞུ་རྒྱུ་བཅས། འདས་མཆོད་གོ་སྒྲིག་ཚོགས་ཆུང་ནས། ༢༠༡༦/༡༢/༢༧ །

འབྲེལ་ཡུལ། 0091 9986908589

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||