ཊོམ་གྱིས་ལྷོ་ཀོ་རི་ཡའི་གྲོས་ཚོགས་ནང་བྱང་ཀོ་རི་ཡར་ཉེན་བརྡ་བཏང་འདུག

རྡུལ་མཚོན་བཟོ་སྐྲུན་ཇི་ཙམ་མང་བ་བྱས་པ་དེའི་ཚོད་ཀྱིས་ཀིམ་ཇོང་ཨུན་ལ་འཕྲད་བཞིན་པའི་ཉེན་ཁ་ཆེ་རུ་འགྲོ་རྒྱུ་ཡིན་པ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ལྷོ་ཀོ་རི་ཡའི་གྲོས་ཚོགས་ནང་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༨ ཉིན་གྱི་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ལྷོ་ཀོ་རི་ཡའི་གྲོས་ཚོགས་ནང་དུ་གཏམ་བཤད་སྤེལ་སྐབས་བྱང་ཀོ་རི་ཡ་ལ་ཉེན་བརྡ་བཏང་ཡོད་འདུག་ཀྱང་། དེ་ནི་དེ་སྔོན་གྱི་ཉེན་བརྡ་བཞིན་རྣོ་ངར་ལྡན་པ་དང་། འུར་བཤད་བྱས་པ་ཞིག་མིན་སྐོར་འདུག

དེ་ཡང་ཨ་རིའི་སྲིད་འཛིན་ཊོམ་གྱིས་གཏམ་བཤད་སྐབས་བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཇོང་ཨུན་ལ་“ཁྱོད་རང་ལ་ཐོབ་བཞིན་པའི་གོ་མཚོན་གྱིས་ཁྱེད་རང་བདེ་འཇགས་བཟོ་གི་ཡོད་མ་རེད་”ཅེས་དང་། “དེ་དག་གིས་ཁྱེད་རང་གི་སྲིད་གཞུང་ཉེན་ཚབས་ཆེན་པོའི་ནང་འཇོག་གི་ཡོད་རེད་”ཅེས་དང་། “ཁྱེད་རང་ལམ་ཁ་འདིའི་ཐོག་ཇི་ཙམ་སོང་བ་དེའི་ཚོད་ཀྱིས་ཁྱེད་རང་ལ་འཕྲད་བཞིན་པའི་ཉེན་ཁ་ཆེ་རུ་འགྲོ་རྒྱུ་རེད་”ཅེས་སོགས་བརྗོད་ཡོད་པ་མ་ཟད། ཀོ་རི་ཡའི་ཕྱེད་གླིང་ཕྲན་དུ་ཡོད་པའི་ཨ་རིའི་དམག་མིའི་གོ་མཚོན་གྱི་སྐོར་ལ་གླེང་སྐབས་སྟོབས་ཤུགས་ཀྱི་ལམ་ནས་ཞི་བདེ་བསྐྲུན་འདོད་ཡོད་སྐོར་བརྗོད་ཡོད་འདུག

དེ་བཞིན་ཁོང་གིས་“དེ་རིང་ངས་བྱང་ཀོ་རི་ཡར། ང་ཚོར་བརྩི་མཐོང་དམའ་པོ་མ་བྱེད། ང་ཚོར་ཚོད་ལྟ་མ་བྱེད་ཅེས་ང་རང་ཚོའི་རྒྱལ་ཁབ་རྣམས་གཅིག་པུའི་ཆེད་དུ་མིན་པར། དཔལ་ཡོན་གོང་འཕེལ་ཅན་གྱི་རྒྱལ་ཁབ་ཚང་མའི་ཆེད་དུ་བཤད་ཀྱི་ཡོད།”ཅེས་དང་། བྱང་ཀོ་རི་ཡ་ནི་ཀིམ་ཇོང་ཨུན་གྱི་སྤོ་པོའི་འཆར་སྣང་གི་ཞིང་ཁམས་ཞིག་མིན་པར། མི་སུ་ལའང་མི་འོས་པའི་དམྱལ་བ་ཞིག་ཡིན་པ་དང་། ཀིམ་ཇོང་ཨུན་གྱིས་དེ་སྔོན་བསགས་པའི་བྱས་ཉེས་ལ་མ་ལྟོས་པར། མ་འོངས་པར་མདུན་ལམ་བཟང་པོ་ཞིག་ཡོང་ཐབས་ཀྱི་ལམ་ཁ་སྤྲོད་རྒྱུ་ཡིན་པ་སོགས་བརྗོད་ཡོད་འདུག་པ་མ་ཟད། བྱང་ཀོ་རི་ཡའི་རྡུལ་མཚོན་བཟོ་སྐྲུན་གྱི་ལས་གཞི་འགོག་པར་རྒྱལ་ཁབ་གཞན་རྣམས་ཀྱིས་མཉམ་འབྲེལ་བྱེད་རྒྱུའི་ནན་སྐུལ་ཡང་བྱས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 527

Leave a Reply