ཌོ་ནལ་ཊོམ་གྱིས་རྒྱ་ནག་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་ལ་མོས་མཐུན་ཡོད་ཟེར།

ཟླ་འདིའི་ཕྱི་ཚེས་༡༠ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༩ རེས་གཟའ་ཕུར་བུའི་ཉིན་གྱི་དགོང་དྲོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་ལ་ཁ་པར་བཏང་ནས་ཡུན་རིང་པོར་སྐད་ཆ་བཤད་ཡོད་འདུག་པ་དང་། སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་མོས་མཐུན་བྱས་སོང་ཞེས་ཕོ་བྲང་དཀར་པོའི་ཕྱོགས་ནས་བརྗོད་ཡོད་འདུག

16650083_319327738469288_2022310960_nདེ་བཞིན་ཁ་པར་བརྒྱུད་ཕྱོགས་གཉིས་ཀྱིས་གནད་དོན་འདྲ་མིན་སྣ་ཚོགས་ཀྱི་ཐོག་ལ་གྲོས་བསྡུར་བྱས་སོང་ཞེས་དང་། ད་ཐེངས་ཀྱི་ཁ་པར་བརྒྱུད་བཤད་པའི་སྐད་ཆ་རྣམས་ནི་ལྷག་བསམ་ཟོལ་མེད་ཅིག་ཡིན་ཁར་ཕན་ཚུན་མགྲོན་བརྡ་བཏང་རེས་ཀྱང་བྱས་སོང་ཞེས་བསྒྲགས་གཏམ་ཞིག་ཏུ་སྤེལ་ཡོད་འདུག

ཕྱི་ལོ་༡༩༧༩ ནས་བཟུང་ཨ་རིའི་སྲིད་འཛིན་གོང་མ་ཚོས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་མི་ཡོང་ཕྱིར་ཐའེ་ཝན་དང་གཞུང་འབྲེལ་ཐོག་ནས་འབྲེལ་ལམ་བཟོས་མེད་ཀྱང་། སྔར་ལོའི་ཕྱི་ཟླ་༡༢ པར་སྲིད་འཛིན་ཊོམ་གྱིས་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་དབྱངས་དང་ཁ་པར་བརྒྱུད་ཐད་ཀར་སྐད་ཆ་བཤད་པ་དེས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཐད་དོག་པ་ཞིག་བཟོས་ཡོད་འདུག་ཀྱང་། ད་ཐེངས་དོག་པ་སེལ་ཡོད་འདུག རྒྱ་ནག་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་ཞེས་པ་དེ་ནི་ཐའེ་ཝན་དང་བོད་སོགས་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་དགོས་པ་དང་། དེ་བཞིན་དུས་ནམ་ཞིག་གི་ཚེ་ན་ཐའེ་ཝན་དེ་རྒྱ་ནག་སྐམ་ས་ཆེན་མོའི་ནང་ལོག་དགོས་པ་བཅས་ཡིན་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 554

Leave a Reply