དགུ་པའི་ཉེར་བདུན་རྗེས་དྲན་ལས་འགུལ།

ཟླ་འདིའི་ཚེས་༢༧ ཉིན་ཨ་རིའི་ནིའུ་ཡོག་ཏུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གི་སྒྲིག་འོག དགུ་པའི་ཉེར་བདུན་རྗེས་དྲན་དང་འབྲེལ་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

དེ་ཡང་རྒྱ་ནག་གིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་རྗེས། ༡༩༨༧ ལོའི་ཟླ་༩ ཚེས་༢༧ ཉིན་ལྷ་ས་ནས་འབྲས་སྤུངས་ཀྱི་གྲྭ་པ་ཁག་ཅིག་གིས་སྣེ་ཁྲིད་དེ། རྒྱ་ནག་གི་བོད་དབང་བསྒྱུར་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པ་དང་། སྐབས་དེར་ལས་འགུལ་བ་ཚོས། རྒྱ་མི་བོད་ནས་ཕར་རྒྱུགས། བོད་རང་བཙན་ཡིན་ཞེས་སྐད་འབོད་བྱས་པར་བརྟེན། རྒྱ་ནག་གིས་ལས་འགུལ་བར་དྲག་གནོན་དང་། བཙོན་འཇུག་བྱས་ཡོད་པ་རེད།

ཟླ་འདིའི་ཚེས་༢༧ ཉིན་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ནིའུ་ཡོག་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 144

Leave a Reply