དབྱིན་ཡུལ་ནས་རྒྱ་ནག་ཏུ་དོས་སྐྱེལ་མེ་འཁོར་ཐེངས་དང་པོ་ཤར་བསྐྱོད་བྱས།

དོས་སྐྱེལ་མེ་འཁོར་གྱི་ཞབས་ཞུ་འདི་ནི་མི་ལོ་༢༠༠༠ སྔོན་ནས་ནུབ་ཕྱོགས་པ་དང་རྒྱ་ནག་མཉམ་དུ་བྱུང་བའི་གནའ་བོའི་དར་གོས་འགྲོ་ལམ་གྱི་ཚོང་འབྲེལ་བརྒྱུད་ལམ་(Silk Road trading routes) ཞེས་པ་དེ་བསྐྱར་གསོ་བྱེད་ཀྱི་ཡོད་པའི་ལས་གཞིའི་ཆ་ཤས་ཤིག་ཡིན་སྐོར་འདུག

ཟླ་འདིའི་ཕྱི་ཚེས་༡༠ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དབྱིན་ཡུལ་གྱི་གྲོང་རྡལ་སེ་ཊེན་ཧྥོར་ལི་ཧོབ་དུ་ཡོད་པའི་མེ་འཁོར་ས་ཚིགས་ནས་ཟླ་འདིའི་ཕྱི་ཚེས་༡༠ ཉིན་དོས་སྐྱེལ་མེ་འཁོར་ཁང་མིག་༣༠ ཡོད་པ་ཞིག་རྡོག་ཐོན་གྱིས་ལེ་དབར་༧,༥༠༠ ཡི་ལྕམས་ལམ་བརྒྱུད་ནས་ཟླ་འདིའི་ཕྱི་ཚེས་༢༧ ཉིན་རྒྱ་ནག་གི་གྲོང་ཁྱེར་ཡི་ཝུ་རུ་འབྱོར་གྱི་ཡོད་འདུག  དོས་སྐྱེལ་མེ་འཁོར་བརྒྱུད་དབྱིན་ཡུལ་གྱི་ཐོན་རྫས་ཨ་རག་དང་། བཏུང་བྱ་མངར་མོའི་རིགས། བཅུད་སྨན་གྱི་རིགས། དེ་བཞིན་སྨན་གྱི་རིགས་སོགས་དབོར་འདྲེན་བྱེད་ཀྱི་ཡོད་འདུག

དབྱིན་ཡུལ་ནས་རྒྱ་ནག་བར་གྱི་དོས་སྐྱེལ་མེ་འཁོར་འདིས་ཧྥ་རན་སི་དང་། བྷེལ་རྗམ། འཇར་མན། པོ་ལན་ཌི། བྷེ་ལ་རུ་སི། ཨུ་རུ་སུ། ཀ་ཛ་སི་ཐན་བཅས་རྒྱལ་ཁབ་མི་འདྲ་བ་བདུན་བརྒྱུད་དགོས་ཀྱི་ཡོད་པ་དང་། ད་ཐེངས་དབྱིན་ཡུལ་ནས་རྒྱ་ནག་ཏུ་བསྐྱོད་པ་ཐེངས་དང་པོ་ཡིན་འདུག་ཀྱང་། རྒྱ་ནག་ནས་དབྱིན་ཡུལ་དུ་ཟླ་ངོ་༣ གྱི་གོང་ནས་འབྱོར་ཟིན་ཡོད་འདུག དོས་སྐྱེལ་མེ་འཁོར་གྱི་ཞབས་ཞུ་འདི་ནི་རྒྱ་ནག་གི་སྐེད་རགས་གཅིག་དང་འགྲོ་ལམ་གཅིག་གི་ལས་གཞི་ཞེས་པའི་ལས་ཀའི་ཆ་ཤས་ཤིག་ཡིན་པ་དང་། ལས་གཞི་དེས་མི་ལོ་༢༠༠༠ སྔོན་ནས་ནུབ་ཕྱོགས་པ་དང་རྒྱ་ནག་མཉམ་དུ་བྱུང་བའི་གནའ་བོའི་དར་གོས་འགྲོ་ལམ་གྱི་ཚོང་འབྲེལ་བརྒྱུད་ལམ་(Silk Road trading routes) ཞེས་པ་དེ་བསྐྱར་གསོ་བྱེད་ཀྱི་ཡོད་སྐོར་འདུག

དོས་སྐྱེལ་མེ་འཁོར་གཏོང་མཁན་དང་ལས་བྱེད་ཚོས་ལྕགས་ལམ་བརྒྱུད་ཚོང་ཟོག་འོར་འདྲེན་བྱེད་པ་ནི་མཁའ་ལམ་ལས་གོང་ཁེ་བ་དང་། མཚོ་ལམ་ལས་མྱུར་ཚད་མགྱོགས་པ་ཡིན་སྐོར་བརྗོད་ཀྱི་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 174

Leave a Reply