དམར་ཤོག་ཚོགས་པའི་ཚོགས་མིས་ཆོས་དད་སྤོང་དགོས་ཟེར།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཆོས་དད་སྤོང་དགོས་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་ཉེས་ཆད་འཕོག་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
ཟླ་༧ པའི་ཚེས་༡༩ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་དམར་ཤོག་ཚོགས་པའི་དུས་དེབ་གལ་ཆེན་ཞིག་གི་འདོན་ཐེངས་གསར་ཤོས་ནང་། རྒྱ་ནག་གི་ཆོས་དོན་ལས་ཁང་གི་འགན་འཛིན་ཝང་ཛུན་གྱིས། དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ལ་ཆོས་དད་བྱེད་མི་རུང་བ་དང་། མར་ཁེ་སིའི་ཆོས་མེད་ལྟ་གྲུབ་ལ་ཡིད་ཆེས་བརྟན་པོ་དགོས་པ། དེ་བཞིན་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་ལ་སྲུང་བརྩི་བྱེད་དགོས་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་ཉེས་ཆད་འཕོག་རྒྱུ་ཡིན་སྐོར་བྲིས་ཡོད་འདུག

ཨ་རིར་རྟེན་གཞི་བྱས་པའི་ཕྱི་འབྲེལ་ལྷན་ཚོགས་ཁང་གིས་(Council on Foreign relations) རྒྱ་ནག་དམར་ཤོག་ཚོགས་པས་ཆོས་ལུགས་ལ་དོགས་གཟབ་ཆེན་པོས་བཟོད་སྲན་བྱེད་ཀྱི་ཡོད་ཀྱང་། དམར་ཤོག་གི་ཚོགས་མི་ས་ཡ་༩༠ ལྷག་གིས་ཆོས་དད་བྱས་པར་བཀག་འགོག་བྱེད་ཀྱི་ཡོད་ཁར། ཆོས་ལུགས་ཀྱི་ཚོགས་སྡེ་ཁག་གི་ཚོགས་མི་ཡིན་པ་རྣམས་དམར་ཤོག་ཚོགས་པ་ལས་ཕྱིར་འདོན་བྱེད་རྒྱུའི་དགོས་འདུན་ཡང་བཏོན་ཡོད་སྐོར་བརྗོད་འདུག
རྒྱ་ནག་གཞུང་གི་ལས་བྱེད་གཞན་ཞིག་གིས་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ལ་ཆོས་དད་ཡོད་དུས། ཚོགས་པའི་ཆིག་སྒྲིལ་དང་ཚོགས་པའི་རིན་ཐང་གི་ལྟ་བ་རྩོད་སྒྲུབ་དངོས་གཙོ་སྨྲ་བར་དོ་ཕོག་འགྲོ་ཡི་ཡོད་སྐོར་རྒྱ་ནག་ཆབ་སྲིད་སློབ་སྟོན་ལས་ཁང་གི་མི་རིགས་དང་ཆོས་དོན་ལྷན་ཚོགས་ཀྱི་འགན་འཛིན་ཀྲུའུ་ཝི་ཆོན་གྱིས་བརྗོད་ཡོད་འདུག
དེ་བཞིན་ཝེ་ཛུན་གྱིས་ཕྱིའི་རྒྱལ་ཁབ་ཁག་གི་ཚོགས་སྡེས་ཆོས་བེད་སྤྱད་ནས་རྒྱ་ནག་ནང་དུ་འཇབ་འཛུལ་བྱས་ཡོད་པ་དང་། ས་གནས་ཁག་ཅིག་ལ་ཕྱོགས་ལྷུང་གི་ལྟ་བ་དང་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་མང་པོ་ཞིག་ཁྱབ་བཞིན་ཡོད་པས། དེ་དག་གིས་རྒྱལ་ཁབ་ཀྱིས་བདེ་འཇགས་དང་བརྟན་ལྷིང་ལ་ཉེན་ཚབས་བཟོས་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 167

Leave a Reply