དུས་ཐོག་བཅོས་བསྒྱུར་གྱི་དཔེ་དེབ་པར་སྐྲུན།

དུས་ཐོག་བཅོས་བསྒྱུར་ཞེས་པའི་དཔེ་དེབ་ནི་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་དང། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གཉིས་ཀྱིས་གསུངས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཕབ་སྒྲིག་བྱས་པ་དང་། ནི་ཕྱི་ལོ་༢༠༡༧ ལོའི་བོད་ནང་གི་བོད་ཡིག་གི་དཔེ་དེབ་བྲིན་ཤོས་ཡིན་ཞིང་། ད་ཆ་དངོས་སུ་རྒྱ་གར་དུ་པར་བསྐྲུན་གྱིས་གནས་མཆོག་རྡོ་རྗེ་གདན་དུ་འགྲེམ་སྤེལ་འགོ་འཛུགས་བྱས་ཡོད་པ་རེད།

ཕབ་སྒྲིག་པས། མི་རིགས་དང་རྒྱལ་ཁབ་གཞན་གྱི་གསེབ་ཏུ་ཁ་གྲམ་ནས་བཞུགས་པའི་ཁ་བ་གངས་ཅན་པའི་མི་རབས་གཉིས་པ་དང་གསུམ་པས་དཀའ་ངལ་ཅན་གྱི་ཁོར་ཡུག་ནས་མུ་མཐུད་རང་གི་སྐད་ཡིག་རིག་གནས་རྒྱུན་འཛིན་བྱེད་ཕྱོགས་དང་གཅིག འཛམ་གླིང་གང་སར་ཡོད་པའི་བོད་བརྒྱུད་ནང་བསྟན་ཁྱབ་སྤེལ་མཁན་རྣམས་ཀྱིས་དུས་དང་མཐུན་པའི་ནང་བསྟན་དར་སྤེལ་བྱེད་ཕྱོགས་དང་གཉིས་ཏེ། གལ་གནད་ཆེ་བའི་བརྗོད་གཞི་གཉིས་ཀྱི་ཐད་ཁ་ཚ་དགོས་གཏུགས་ཀྱི་དྲིས་ལན་ཆ་ཚང་ཞིག་<<དུས་ཐོག་བཅོས་བསྒྱུར>> གྱི་ནང་དུ་ཡོད། སྔོན་གྱི་<<དུས་ཐོག་ཆར་པ་>> ནི་བོད་ནང་གི་དགོན་སྡེའི་སློབ་གསོ་དང་འབྲེལ་ཞིང་། ཁ་གཏད་ས་གཙོ་བོའང་བོད་ཁུལ་ཡིན། དེ་རིང་གི་<<དུས་ཐོག་བཅོས་བསྒྱུར་>> ནི་དེ་དང་མི་འདྲ་སྟེ། ཁ་ཕྱོགས་དང་དམིགས་ཚད་བོད་ནང་ལས་ཐོན་ཏེ། སའི་གོ་ལའི་ཁྱོན་ཡོངས་ཀྱི་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དང་ཁྱབ་སྤེལ་བྱེད་ཕྱོགས་སྟོན་པས་ན། ནང་དོན་ཧྲིལ་པོའི་འཕེལ་རིམ་ལ་འབུར་དུ་ཐོན་པའི་ཁྱད་ཆོས་ལྡན་ཅེས་འགྲེལ་བརྗོད་གནང་འདུག །

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||