དྷ་སར་རྒྱ་གར་གྲོས་ཚོགས་འཐུས་མི་དང་གློག་བརྙན་འཁྲབ་སྟོན་པའི་བར་དབྱུག་རྩེད།

ཟླ་འདིའི་ཚེས་༨ ཉིན་རྒྱ་གར་ནང་དུ་གློ་ནད་མེད་པ་བཟོ་བའི་གོ་རྟོགས་ལས་འགུལ་སྤེལ་ཆེད། དྷ་སའི་དབྱུག་རྩེད་སྤོ་ལོའི་རྩེད་རར། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་གློག་བརྙན་འཁྲབ་སྟོན་པའི་བར་ལ་དབྱུག་རྩེད་འགྲན་སྡུར་བྱ་རྒྱུ་ཡིན་འདུག

གྲོས་ཚོགས་འཐུས་མིའི་རུ་ཁག་ནང་དབུས་གཞུང་གི་བློན་ཆེན་ལྔ་ཡང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་ལ་གྲོས་ཚོགས་འཐུས་མི་༢༧ དང་གློག་བརྙན་འཁྲབ་སྟོན་པ་༤༨ སླེབས་རྒྱུ་ཡིན་འདུག

ལས་རིམ་དེ་བརྒྱུད་ནས་གློ་ནད་སྔོན་འགོག་གི་གོ་རྟོགས་ཁྱབ་ཆེ་རུ་གཏོང་ཐབས་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 112

Leave a Reply