དྷ་སར་སྨད་ཚོང་གི་ལས་ཀ་དང་འབྲེལ་ནས་མི་༤ འཛིན་བཟུང་།

ཧི་མ་ཅཱལ་མངའ་སྡེའི་ཀང་ར་རྫོང་གི་ཉེན་རྟོག་པས། ཁྲིམས་འགལ་ཐོག་སྨད་ཚོང་གི་ལས་ཀ་བྱེད་མཁན་མི་བཞི། དྷ་ས་མེག་གྷན་དུ་ཡོད་པའི་སྒེར་གྱི་མགྲོན་ཁང་ཞིག་ནས་འཛིན་བཟུང་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༢༥ ཉིན་རྒྱ་གར་གྱི་དུས་བབ་སྟེང་གནས་ཚུལ་བཀོད་གསལ། ཀང་ར་རྫོང་གིཉེན་རྟོག་པར་གསང་བའི་ཐོག་ནས་གནས་ཚུལ་མཁོ་སྤྲོད་བྱུང་རྗེས། ཟླ་འདིའི་ཚེས་༢༣ ཉིན་གྱི་དགོང་མོར་མེག་གྷན་དུ་ཡོད་པའི་སྒེར་གྱི་མགྲོན་ཁང་ཞིག་ཏུ། མི་བཞི་དང་བུད་མེད་ཁག་ཅིག་སྨད་ཚོང་མའི་ལས་ལ་འཇུག་བཞིན་པ་མིག་མཐོང་ལག་ཟིན་བྱུང་ནས། མི་བཞི་པོ་དེ་འཛིན་བཟུང་བྱས་འདུག་པ་དང་། དེ་གར་བུད་མེད་༦ ཡོད་འདུག

རྒྱ་གར་གྱི་བརྒྱུད་ལམ་ཀྲེར་བྷུན་ཐོག་ཏུ་གནས་ཚུལ་བཀོད་གསལ་ལྟར་ན། བུད་མེད་དྲུག་པོ་དེ་ནི་བཙན་དབང་ཐོག་ནས་སྨད་ཚོང་གི་ལས་ཀ་བྱས་བཅུག་པ་ཡིན་འདུག་པས། དེ་དག་ཉེན་སྐྱོབ་བྱེད་ཐུབ་ཡོད་འདུག

དེ་ཡང་ཉེན་རྟོག་པས་ཁྲིམས་འགལ་གྱི་སྨད་ཚོང་མའི་ལས་ཀ་དེ་ཉེ་འགྲམ་གྱི་མངའ་སྡེ་པན་ཇབ་ནས་ལྟ་སྲུང་བྱེད་ཀྱི་ཡོད་པ་དང་། དེ་གར་གློ་བུར་ཞིབ་གཤེར་བྱ་རྒྱུ་ཡིན་པ། དེ་བཞིན་མི་བཞི་པོ་དེ་པ་ཀྲན་ཀོ་ཀྲེ་དང་། པན་ཇབ། ནོའི་ཌ། ཨམ་རི་ས་བཅས་ནས་ཡིན་སྐོར་བརྗོད་འདུག

ཀང་ར་རྫོང་གི་ཉེན་རྟོག་སྤྱི་ཁྱབ་པ་སན་ཇྭེ་གྷན་དྷི་ཡིས། གནས་ཚུལ་དེ་དང་འབྲེལ་ནས་ད་དུང་མི་༡༠ འཛིན་བཟུང་བྱེད་སྲིད་སྐོར་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 799

Leave a Reply