པ་ཀི་སི་ཐན་དུ་དགའ་རོགས་ཉིན་མོ་བཀག་སྡོམ།

ཟླ་འདིའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། པ་ཀི་སི་ཐན་གྱི་རྒྱལ་ས་དབྱི་སེ་ལ་མ་བྷ་ཏི་ཡི་མཐོ་རིམ་ཁྲིམས་ཁང་ཞིག་གིས་ཟླ་འདིའི་ཚེས་༡༣ ཉིན་དེ་རིང་ནས་བཟུང་པ་ཀི་སི་ཐན་རྒྱལ་ཡོངས་སུ་དགའ་རོགས་ཉིན་མོ་སྲུང་བརྩི་བྱེད་མི་ཆོག་བྱེད་པའི་ཡོངས་ཁྱབ་བཀའ་རྒྱ་བཏང་ཡོད་འདུག

16779939_1411385975551934_1923219736_nགནས་ཚུལ་དེ་བཞིན་ཐོག་མར་པ་ཀི་སི་ཐན་གྱི་སྐྱེས་པ་ཨབ་རྡུལ་ལྦ་ཧི་ཏི་ཡིས། མཐོ་རིམ་ཁྲིམས་ཁང་ལ་པ་ཀི་སི་ཐན་རྒྱལ་ཡོངས་སུ་དགའ་རོགས་དུས་ཆེན་སྲུང་བརྩི་བཀག་སྡོམ་བྱེད་དགོས་པའི་ཞུ་གཏུགས་སྙན་ཞུ་སོགས་ཕུལ་ཡོད་འདུག་པ་དང་། དེའི་ནང་ཁོང་གིས་ཉིན་མོ་དེ་སྲུང་བརྩི་བྱེད་པ་ནི་ཁ་ཆེ་ཆོས་ལུགས་དང་མཐུན་གྱི་མེད་སྐོར་བརྗོད་ཡོད་འདུག

དུས་ཆེན་གྱི་ཉིན་གཅིག་སྔོན་སྟེ་ཁ་སང་ཚེས་༡༣ ཉིན་མཐོ་རིམ་ཁྲིམས་ཁང་དེས་ཁོའི་སྙན་ཞུ་ལ་དང་ལེན་བྱས་ཏེ་རྒྱལ་ཡོངས་སུ་དགའ་རོགས་དུས་ཆེན་སྲུང་བརྩི་བྱེད་རྒྱུ་བཀག་སྡོམ་དང་། ཉིན་མོ་དེ་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་ཡང་སྲུང་བརྩི་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

བཀའ་རྒྱ་དེའི་ནང་རྒྱལ་ཁབ་དེའི་དྲིལ་བསྒྲགས་ལས་ཁང་དང་། དྲ་ལམ་སྟངས་འཛིན་ལས་ཁང་སོགས་ཀྱིས་བཀག་སྡོམ་དེ་ཡིག་ཆའི་ཐོག་དང་ལག་ལེན་ཡང་བསྟར་དགོས་སྐོར་བརྗོད་ཡོད་འདུག

འདས་པའི་ལོ་ཟླའི་ནང་པ་ཀི་སི་ཐན་ལ་མཚོན་ན་དགའ་རོགས་དུས་ཆེན་ནི་ཁོང་ཚོའི་རྩོད་གཞི་ཞིག་ཏུ་གྱུར་ཡོད་ཀྱང། ཁྲིམས་ཁང་ཞིག་གིས་ཐག་གཅོད་བྱས་ཏེ་བཀའ་རྒྱ་བཏང་བ་ཐོག་མ་དེ་ཆགས་ཡོད་པ་རེད།།

གསར་འགོད་སྦྱོང་བརྡར་བ་ཐུབ་བསྟན་རྒྱལ་མཚན།

 

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 145

Leave a Reply