བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་རྒྱུན་ལས་གསར་རྙིང་བརྗེ་ལེན།

ཟླ་འདིའི་ཚེས་༩ ཉིན་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་རྒྱུན་ལས་གསར་རྙིང་གི་རྩིས་སྤྲོད་རྩིས་ལེན་བྱས་ཡོད་པ་དང་། ཚོགས་གཙོར་བསྟན་འཛིན་དབང་གྲགས་དང་། ཚོགས་གཞོན་དུ་བསྟན་འཛིན་སྨོན་ལམ། རྩིས་པར་བསྟན་འཛིན་འཇིགས་མེད། དངུལ་གཉེར་ལ་པད་མ་རྒྱལ་བཅས་ཡིན་པ་རེད།

རྒྱུན་ལས་གསར་རྙིང་ཁག་ཅིག་ལྷན་འཛོམས་སྐབས།

བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་བདུན་པའི་ཚོགས་གཙོ་བསྟན་འཛིན་བཟང་མོས་ལས་བསྡོམས་ངོ་སྤྲོད་གནང་བ་ལྟར་ན། སྔ་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་བོད་ཀྱི་གསར་འགོད་མཐུན་ཚོགས་རྒྱ་གར་ནང་ཁྲིམས་མཐུན་གྱི་དེབ་སྐྱེལ་ཞུས་ཡོད་པ་རེད། གསར་འགོད་མཐུན་ཚོགས་ཀྱི་ངོས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་དང་རྒྱལ་སྤྱིའི་གསར་ཁང་རྣམས་ཀྱི་ལས་དོན་སྤེལ་ཕྱོགས་ལ་རྒྱུས་ལོན་དང་སྦྱོང་བརྡར་ཆེད། ཕྱི་ལོ་༢༠༡༥ ཟླ་བ་༡༡ ཚེས་༡༧ ནས་༢༡ བར། དང་། ཕྱི་ལོ་༢༠༡༦ ཟླ་བ་༥ ཚེས་༢༢ ནས་༢༤ བར་ཐེངས་གཉིས་སྐོར་བསྐྱོད་བྱས་ཡོད་པ་རེད།
གསར་འགོད་པ་བརྙན་འཕྲིན་པར་ལེན་ཐད་ཐུགས་འདོད་ཡོད་མཁན་རྣམས་ལ་ཕྱི་ལོ་༢༠༡༦ ཟླ་༨ པའི་ནང་གཟའ་མཇུག་གཉིས་རིང་། བརྙན་འཕྲིན་པར་ལེན་ཞུ་ཕྱོགས་ཀྱི་སྦྱོང་བརྡར་སྤྲད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 428

Leave a Reply