བོད་ཀྱི་ཐོག་རྒྱ་དཀར་ནག་གཉིས་བར་ཚིག་གི་དམག་འཁྲུག་བསྐྱར་གསོ།

ཨ་རུ་ན་ཅལ་ནི་ཁ་འབྲལ་ཐབས་མེད་པའི་རྒྱ་གར་གྱི་ས་ཁོངས་ཤིག་ཡིན་པ་དང་། དེ་གང་གིས་ཀྱང་འགྱུར་བ་གཏོང་ཐུབ་ཀྱི་མེད་སྐོར་རྒྱ་གར་ཕྱི་འབྲེལ་བློན་ཆེན་ལྷན་ཁང་གིས་བརྗོད་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༠ ཉིན་དཔལ་འབྱོར་དུས་བབ་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱིས་ཨ་རུ་ན་ཅལ་དེ་རྒྱ་གར་དང་ཁ་འབྲལ་ཐབས་མེད་པའི་མངའ་སྡེ་ཞིག་ཡིན་པར་འབོད་བཞིན་ཡོད་ཀྱང་། ཉེ་ཆར་རྒྱ་ནག་གིས་དེ་བོད་ཀྱི་ས་ཆར་བརྩིས་ནས་དེའི་ནང་གི་རི་༣ དང་གཤོང་༣ ལ་གཞུང་འབྲེལ་གྱིས་མིང་གཏན་འབེབས་བྱས་ཡོད་སྟབས། དེ་རིང་སྟེ་ཟླ་འདིའི་ཕྱི་ཚེས་༢༠ ཉིན་རྒྱ་གར་ཕྱི་འབྲེལ་བློན་ཆེན་ལྷན་ཁང་གིས་སླར་ཡང་ནན་ཏན་གྱི་སྒོ་ནས་ཨ་རུ་ན་ཅལ་ནི་ཁ་འབྲལ་ཐབས་མེད་པའི་རྒྱ་གར་གྱི་ས་ཁོངས་ཤིག་ཡིན་པ་དང་། དེ་གང་གིས་ཀྱང་འགྱུར་བ་གཏོང་ཐུབ་ཀྱི་མེད་སྐོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བརྗོད་ཡོད་འདུག་པ་དང་། དེ་བཞིན་ཕྱོགས་གཉིས་བར་ན་ས་མཚམས་ཀྱི་གནད་དོན་ཐད་གྲོས་བསྡུར་བྱེད་སའི་ལམ་ཁ་ཞིག་ཡོད་པ་དང་། དེ་བརྒྱུད་ནས་གནད་དོན་བཟང་དུ་འགྲོ་བཞིན་ཡོད་སྐོར། གཞན་ཡང་ཕྱོགས་གཉིས་ཀྱིས་དྲང་པོ་དང་། རྒྱུ་མཚན་དང་ལྡན་པ། ཕན་ཚུན་གཉིས་ཀ་མོས་མཐུན་ཡོད་པའི་ཐབས་ལམ་འཚོལ་བཞིན་ཡོད་སྐོར་བཅས་བརྗོད་ཡོད་འདུག

དེ་བཞིན་དཔལ་འབྱོར་དུས་བབ་ནང་རྒྱ་གར་ལྷོ་ནུབ་ཀྱི་མཚམས་སུ་ཆགས་པའི་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་དེ། རྒྱ་ནག་གི་ཕྱོགས་ནས་བོད་ལྷོ་ཕྱོགས་ཀྱི་ས་ཁུལ་ཤིག་ཡིན་པར་བརྗོད་ནས་ཉེ་ཆར་མིང་གསར་པ་གཏན་འབེབས་དང་དེ་གསལ་བསྒྲགས་བྱས་རྗེས་རྒྱ་གར་གྱིས་དེར་ལན་དུ་ཨ་རུ་ན་ཅལ་ནི་རྒྱ་གར་དང་ཁ་འབྲལ་ཐབས་མེད་པའི་རྒྱ་གར་གྱི་ས་ཆ་ཞིག་སྐོར་སོགས་བརྗོད་ནས་ཕན་ཚུན་ལ་ཚིག་གི་དམག་འཁྲུག་བསྐྱར་གསོ་འབྱུང་བཞིན་ཡོད་སྐོར་བཅས་སོགས་འཁོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share on Facebook9Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 168

Leave a Reply