བོད་ཀྱི་མཛངས་མ་གོ་ལའི་མཛངས་མའི་འགྲན་སྡུར་ནང་ཞུགས།

ཟླ་འདིའི་ཕྱི་ཚེས་༤ ནས་༡༧ བར་ཀེམ་བྷོ་ཊི་ཡར་༢༠༡༧ ལོའི་གོ་ལའི་མཛངས་མ་(Miss Global)འགྲན་སྡུར་བྱེད་ཀྱི་ཡོད་པའི་ནང་། ཕྱི་ལོ་༢༠༡༧ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་མཉམ་ཞུགས་ཀྱིས། ཁོ་མོ་སྡིངས་ཆའི་ཐོག་འབྱོར་བ་དང་“ཁེམ་བྷོ་ཌི་ཡ་བཀྲ་ཤིས་བདེ་ལེགས། ངའི་མིང་ལ་བསྟན་འཛིན་དཔལ་སྒྲོན་ཟེར་ཞིང་། ང་ནི་འདིར་མཛེས་སྡུག་ལྡན་པའི་ངའི་རྒྱལ་ཁབ་བོད་ཀྱི་སྐུ་ཚབ་ཏུ་ཡོང་བ་ཡིན།”ཞེས་བརྗོད་ཡོད་པ་རེད། གོ་ལའི་མཛངས་མ་འགྲན་སྡུར་ཐེངས་༥ པ་འདིའི་ནང་འཛམ་གླིང་གི་རྒྱལ་ཁབ་ཁག་༦༦ གི་མཛངས་མ་མཉམ་ཞུགས་བྱས་ནས། ཕྱི་ལོ་༢༠༡༣ ལོར་གོ་ལའི་མཛངས་མ་འགྲན་སྡུར་འགོ་བཙུགས་ནས་བཟུང་ད་ཐེངས་འགྲན་ཞུགས་པ་མང་ཤོས་དེ་ཆགས་ཡོད་འདུག

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 491

Leave a Reply