བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ལྔ་པ།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ལྔ་པ་དེ་ཕྱི་ལོ་༢༠༡༧ ཟླ་བ་ ༩ ཚེས་༡༠ ནས་ཉིན་གསུམ་རིང་རྒྱ་གར་རྒྱལ་ས་ལྡི་ལི་ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་དུ་འཚོགས་བཞིན་ཡོད་པ་རེད།

ཉིན་དང་པོའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཚོགས་བཅར་བ་ཚང་མ་ཚོགས་ཁང་དུ་འདུ་འཛོམས་རྗེས། གཞུང་འབྲེལ་གྱི་སྐུ་མགྲོན་གཙོ་བོ་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་ཀྱིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས། ཚོགས་མི་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་།  བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་ཞུས་ཡོད་པ་རེད།

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུས་འཚམས་འདྲིའི་གསུང་བཤད་དང་ཐེངས་འདིའི་ཉིན་གསུམ་རིང་གྲོས་གཞི་དོན་ཚན་དགུ་དང་སྤྱི་སྨན་གྲོས་འཆར་གཅིག་བཅས་ལ་བགྲོ་གླེང་གནང་གི་ཡོད་པ་རེད། ཚེས་༡༣ ཉིན་ལྡི་ལིའི་ས་གནས་རམ་ལི་ལ་མན་དྷར་ནས་འཇན་དྷར་མན་དྷར་ (Ramleela Maidan to Jantar Mantar ) བར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུས་ས་གཉིས་ཀྱི་གོ་སྒྲིག་འོག་བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྐད་འབོད་ཐོག་གོམ་བགྲོད་གནང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།
ཚོགས་པའོ་སྤྱི་ཁྱབ་སློབ་སྟོན་པ་བློ་བཟང་ཕུན་ཚོགས་དང་དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་བཅས་ཀྱིས་རིམ་པས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་རྗེས་ལྡི་ལི་ས་གནས་མང་གཙོ་ཚོགས་པའི་རྒྱུན་ལས་ནས་འདི་ལོ་ལྡི་ལི་ས་གནས་མང་གཙོ་ཚོགས་པ་གསར་འཛུགས་ཐུབ་པར་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་མཁན་རྣམས་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་ཡོད་རེད།

བོད་ཀྱི་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཞོན་ཀརྨ་གཡང་སྒྲུབ་ཀྱིས་ཐེངས་འདིའི་ཚོགས་ཆེན་ལ་ཞལ་འདེབས་གནང་མཁན་གྱི་མཚན་གཞུང་སྙན་སྒྲོན་དང་སྦྲེལ་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་ཡོད་པ་སོགས་ཐེངས་འདིའི་འགན་ལྷན་ཚོགས་འདུའི་ནང་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན། གདན་ཞུས་སྐུ་མགྲོན་དང་དེ་བཞིན་དང་བླངས་ཚོགས་བཞུགས་པ་དང་ས་གནས་ཁག་ཉི་ཤུ་རྩ་གཉིས་ནས་ས་གནས་འཐུས་མི་དང་འབྲེལ་མཐུད་པ་བཅས་ཁྱོན་བསྡོམས་ཚོགས་བཅར་བ་བདུན་ཅུ་ལྷག་ཙམ་མཉམ་བཞུགས་ཐུབ་པ་བྱུང་ཡོད་པ་བཅས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ལྔ་པའི་མཛད་སྒོ་གྲོལ་ཡོད་པ་རེད།།
གསར་འགོད་པ་ཐུབ་བསྟན་བཀྲིས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལི་ནས།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 388

Leave a Reply