བོད་མི་ཞིག་མེ་འཁོར་ལྕགས་ལམ་ཐོག་མཆོང་ནས་གྲོངས་འདུག

ཟླ་འདིའི་ཚེས་༧ ཉིན་སུད་སི་རྒྱལ་ཁབ་ཀྱི་ས་གནས་ལུ་རྫན་(Luzern) གྲོང་ཁྱེར་ནང་བོད་མི་ཞིག་མེ་འཁོར་ལྕགས་ལམ་ཐོག་མཆོང་ནས་གྲོངས་ཡོད་པ་དང་། ཉེན་རྟོག་པས་རྩད་གཅོད་བྱས་རྗེས་ཁོང་གི་སྦ་ཁུག་ནང་ཁ་ཆེམས་ཡི་གེ་ཞིག་བཞག་ཡོད་འདུག

ཁ་ཆེམས་ཡི་གེ་དབྱིན་ཡིག་ཐོག་བཞག་ཡོད་པ་དང་། དེའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཁབ་ཀྱིས་བོད་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་དགོས་སྐོར་དང་། སུད་སིའི་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་སྐྱབས་བཅོལ་བ་༣༠༠ ཡས་མས་ཡོད་པ་ཚོར་སྐྱབས་བཅོལ་ཡིག་ཆ་སྤྲད་རོགས་ཞེས་འཁོད་ཡོད་འདུག སུད་སི་ས་གནས་འཐུས་མི་གདུག་རྩ་ཚང་འོད་ཟེར་ལ་སྐད་འཕྲིན་བརྒྱུད་གནས་འདྲི་བྱས་པར། ཁོང་གིས་ཡིག་ཆ་དེ་ཚོ་བཞག་ཡོད་པ་བདེན་པ་རེད་ལ། ཁོང་རྒྱལ་ཁབ་དང་མི་མང་གི་བདེ་སྡུག་ཆེད་རང་སྲོག་བློས་གཏོང་མཁན་ཞིག་ཡིན་པས། རྒྱལ་གཅེས་དཔའ་བོ་རེད། ས་གནས་སུ་མཆོད་འབུལ་སྨོན་ལམ་འཚོགས་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
ཤེས་རྟོགས་བྱུང་བ་ལྟར་ན། ཁོང་གི་མིང་ལ་བཀྲ་ཤིས་རྣམ་རྒྱལ་དང་། སུད་སིར་སླེབས་ནས་ཟླ་བ་ཁ་ཤས་ལས་འགོར་མེད་པས་ཁོ་རང་གི་སྐྱབས་བཅོལ་ཡིག་ཆ་ཞུ་རྒྱུ་ཡིན་འདུག ད་ལྟའི་ཆར་ཉེན་རྟོག་པས་རྩད་གཅོད་བྱེད་བཞིན་ཡོད་པ་དང་། ས་གནས་ཀྱི་བོད་མི་ཚོས་བསྔོ་སྨོན་འཚོག་འཆར་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 648

Leave a Reply