བོད་རང་བཙན་གྱི་ཉིན་མོ་སྲུང་བརྩི་དང་པོ་ཏ་ལ་དྲན་གསོ།

ཟླ་འདིའི་ཚེས་༡༣ ཉིན་གྱི་ཕྱི་དྲོ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག དྷ་ས་མེག་གྷན་དུ་བོད་ཀྱི་མ་འོངས་འཆར་སྣང་བོད་རང་བཙན་ཉིན་མོ་སྲུང་བརྩི་བྱས་ཡོད་པ་དང་། ཉིན་དེར་ཕོ་བྲང་པོ་ཏ་ལའི་སྐོར་ལ་གཏམ་བཤད་དང་པར་རིས་འགྲེམས་སྟོན་བྱས་ཡོད་པ་རེད།

_MG_8045སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷས་ལས་འགུལ་དེའི་བརྒྱུད་རིམ་ངོ་སྤྲོད་བྱས་པ་དང་། ཉིན་མོ་འདིར་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་། ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ན་གཞོན་མང་པོ་ཞིག་ལ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཤེས་ཡོན་གོ་རྟོགས་སྤེལ་ཐུབ་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་དང་། སྤྱི་འཐུས་རྡོ་རྗེ་ཚེ་བསྟན། རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་བཅས་ཀྱིས་པོ་ཏ་ལའི་ལོ་རྒྱུས་དང་འབྲེལ་བའི་ཐོག་གཏམ་བཤད་དང་། གློག་བརྙན་དང་པར་རིས་འགྲེམས་སྟོན་བྱས་ཡོད་པ་རེད།

_MG_8062དུས་དྲན་དེ་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས། ༢༠༡༣ ལོར་རྒྱལ་དབང་སྐུ་ཕྲེང་༡༣ པས་བོད་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་སྤེལ་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་དང་སྟབས་བསྟུན། འདས་པའི་ལོ་རྒྱུས་སྲུང་སྐྱོབ་དང་མ་འོངས་འཛུགས་སྐྲུན་གྱི་བརྗོད་གཞིའི་ཐོག་འགོ་འཛུགས་བྱས་པ་དང་། ༢༠༡༤ ལོར་བོད་རང་བཙན་སྐབས་ཀྱི་རྒྱ་བོད་རྡོ་རིང་སྐོར་ལ་བགྲོ་གླེང་། ༢༠༡༥ ལོར་བོད་ཀྱི་རྒྱ་དར་འགྲེམས་སྤེལ་དང་བགྲོ་གླེང་། ༢༠༡༦ ལོར་བོད་ཀྱི་ས་ཁྲ་ངོ་སྤྲོད་དང་ཁྱབ་སྤེལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

 

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 222

Leave a Reply