བོད་རིག་པའི་མཁས་པ་ཨེ་ལོ་ཊ་ སཱི་ཕེར་ལེན་སྐུ་གྲོངས་པ།

ཉིན་ཤས་སྔོན་བོད་རིག་པའི་མཁས་པ་དང་བོད་དོན་རྒྱབ་སྐྱོར་བ་སློབ་དཔོན་ཆེན་མོ་ཨེ་ལོ་ཊ་ སཱི་ཕེར་ལེན་ (Elliot Sperling) ཨ་རིའི་ནིའུ་འོག་གི་ཁོང་སྡོད་གནས་སུ་གློ་བུར་སྐུ་གྲོངས་ཡོད་འདུག
_MG_5284ཟླ་འདིའི་ཚེས་༡ དགོང་མོ་ཁོང་སྐུ་གྲོངས་ཡོད་པ་འབྲེལ་ཡོད་ཚོས་བརྒྱུད་བསྒྲགས་བྱས་ཡོད་པ་དང་། དུས་རྒྱུན་ཁོང་གཅིག་པུར་འདུག་གི་ཡོད་པས། གྲོངས་རྐྱེན་གསལ་པོ་ད་དུང་བྱུང་མེད་ནའང་། སྙིང་གི་ན་ཚའི་རྐྱེན་གྱིས་གློ་བུར་དུ་གྲོངས་པར་ཚོད་དཔག་བྱེད་མཁན་ཡོད་པ་རེད།

ཁོང་གིས་དེ་སྔོན་ཨིན་སྒྲི་ཡ་ན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོའི་ཕྱག་ལས་གནང་བ་དང་། གཙོ་བོ་རྒྱ་ནག་གི་ལོ་རྒྱུས་དང་བོད་ཀྱི་ལོ་རྒྱུས་སྐོར་ལ་ཧ་ཅང་མཁས་པ་ཡིན་འདུག ལོ་གཞོན་སྐབས་རྒྱལ་སྤྱིའི་བོད་རིག་པའི་ན་གཞོན་ཚོགས་འདུ་གོ་སྒྲིག་གསར་འཛུགས་བྱེད་མཁན་གཙོ་གྲས་ཡིན་པ་མ་ཟད། དུས་རྒྱུན་བོད་རང་བཙན་འཐབ་རྩོད་དགོས་པར་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན་པ་རེད།

ཁོང་༡༩༥༡ ལོར་འཁྲུངས་པ་དང་། ༢༠༡༤ ལོར་ལས་གནས་ནས་བགྲེས་ཡོལ་རྗེས་ནེའུ་ཡོག་ཏུ་བསྡད། ཁོང་གི་ཞིབ་འཇུག་གི་ཁྱབ་ཁོངས་གཙོ་བོ་ནི་བོད་རྒྱའི་ལོ་རྒྱུས་དང་དཔལ་ཡོན། བོད་རྒྱའི་འབྲེལ་བ་དང་རྩོད་རྙོག བོད་དང་ནུབ་ཕྱོགས་སྐོར་སོགས་ཡིན་པ་དང་། བར་ལམ་ཞིག་ནས་ཁོང་རྒྱ་ནག་ཏུ་འགྲོ་རྒྱུ་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཡོད་པ་རེད།

ཁོང་གིས་ཉེ་བའི་ལོ་ཤས་ནང་སྤེལ་བའི་དཔྱད་རྩོམ་དང་བསམ་ཚུལ་རྩོམ་ཡིག་མང་པོ་ཞིག་ http://www.rangzen.net/author/sperling/ སྟེང་སྤེལ་ཡོད་པ་དང་། འབྲེལ་ཡོད་བོད་མི་ཚོས་འགྲེལ་བརྗོད་བྱས་པ་ལྟར་ན།  ཁོང་བོད་དོན་ལ་རྒྱབ་སྐྱོར་དང་བོད་མིར་ཤ་ཚ་མཁན་ཞིག་ཡིན་ན་ཡང་། ཁོང་གི་དཔྱད་རྩོམ་དག་གིས་རྒྱུ་ཆ་དང་ཞིབ་འཇུག་གཙོ་བོར་བཟུང་ཡོད་པ་མ་གཏོགས་བོད་མིར་དགའ་བའི་ཕྱོགས་ཞེན་གཙོ་བོ་བྱེད་མཁན་ཞིག་མིན་པ་རེད།

༢༠༡༥ ལོའི་ཕྱི་ཟླ་༢ པའི་ནང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་བོད་རིག་པ་ཞིབ་འཇུག་པ་མཁས་དབང་ཨེ་ལོ་ཊ་ སཱི་ཕེར་ལེན་ལ་མངོན་བསྟོད་དང་གུས་ཞབས་མཚོན་ཆེད་ཀྱི་དཔེ་དེབ་ཅིག་ཁོང་གི་མཚན་ཐོག་ནས་པར་སྐྲུན་བྱས་ཡོད་པ་དང་། དེབ་དེའི་ནང་བོད་རིག་པའི་མཁས་དབང་སུམ་བཅུ་ལྷག་གིས་བོད་རིག་པ་དང་འབྲེལ་བའི་དཔྱད་རྩོམ་བྲིས་ཡོད་པ་རེད།
ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་གིས་དཔེ་དེབ་ངོ་སྤྲོད་དང་འབྲེལ་ནས། “ཨ་རི་བ་བོད་རིག་པའི་མཁས་དབང་ཨེ་ལོ་ཊ་ སཱི་ཕེར་ལེན་ལ་མངོན་བསྟོད་དང་གུས་ཞབས་མཚོན་ཆེད་དུ་བཏོན་པའི་དེབ་ཅིག་རེད་ལ། ཁོང་བོད་རིག་པ་ཞིབ་འཇུག་མཁས་པའི་མི་སྣ་ཞིག་རེད། བཟང་པོ་ལ་བྱ་དགའ་དགོས་པ་དང་། བྱས་རྗེས་ཅན་ལ་ངོ་སོ་བསྟོད་རྒྱུ་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་ཀྱི་གཤིས་ཀ་ཞིག་རེད། དེར་བརྟེན་དེབ་འདི་བཏོན་པ་ཡིན་”ཞེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 214

Leave a Reply