བྱང་ཀོ་རི་ཡའི་སྲིད་འཛིན་གྱི་ཇོ་ཇོའི་གྲོངས་རྐྱེན་ཁ་གསལ་མེད་པ།

ཟླ་འདིའི་ཕྱི་ཚེས་༡༥ ཉིན་སྦི་སྦི་སི་གསར་ཁང་དུ་གནས་ཚུལ་སྤེལ་གསལ་ལྟར་ན། བྱང་ཀོ་རི་ཡའི་སྲིད་འཛིན་གྱི་ཇོ་ཇོ་ཀིམ་ཇོང་ནན་ལ་ཟླ་འདིའི་ཕྱི་ཚེས་༡༣ ཉིན། མ་ལེ་ཤའི་རྒྱལ་ས་ཀོ་ལ་ལུམ་པུར་གྱི་གནམ་ཐང་ནས་དུག་གི་གནོད་སྐྱོན་ཕོག་རྗེས་གྲོངས་ཡོད་འདུག

16753843_1412377582119440_1997558118_nདེའི་རྒྱུ་རྐྱེན་གང་ཡིན་མིན་དང་ག་རེ་བྱས་ནས་བསད་པ་ཡིན་ད་དུང་གསལ་ཁ་ཏན་ཏན་ཤེས་མེད་ནའང་། མ་ལེ་ཤི་ཡའི་ཉེན་རྟོག་པ་ཚོས་ཀིམ་ཇོང་ནམ་གྱི་ཉེ་འཁྲིས་སུ་བུད་མེད་གཉིས་ཡོད་པ་དང་། རྗེས་སུ་དེ་གཉིས་གླ་འཁོར་ཞིག་ཏུ་ཕྱིན་ཡོད་འདུག་པས། དེ་གཉིས་ཀྱིས་དུག་རྫས་གཏོར་བ་སོགས་བྱས་ཡོད་པར་དོགས་ཟོན་གྱིས་རྩད་གཅོད་བྱེད་མུས་ཡིན་འདུག

གནད་དོན་དེ་དང་འབྲེལ་ནས་ལྷོ་ཀོ་རི་ཡའི་སྲིད་ཚབ་ཧོ་ཝང་ཀོའོ་ཨེན་གྱིས། གལ་ཏེ་ཀིམ་ཇོང་ནན་གསོད་མཁན་བྱང་ཀོ་རི་ཡ་ཡིན་ཚེ་དེས་བྱང་ཀོ་རི་ཡའི་གདུག་རྩུབ་དང་མི་སྤྱོད་ལས་འདས་པའི་རང་བཞིན་བསྟན་གྱི་ཡོད་རེད་ཅེས་བརྗོད་ཡོད་འདུག

བྱང་ཀོ་རི་ཡའི་ཕྱོགས་ནས་ད་བར་གནད་དོན་དེའི་སྐོར་ལ་གང་ཡང་བརྗོད་མེད་ནའང་། མ་ལེ་ཤི་ཡ་རུ་ཡོད་པའི་བྱང་ཀོ་རི་ཡའི་གཞུང་ཚབ་ཁང་གི་ལས་བྱེད་ཁག་ཅིག་ཁ་སྔོན་ཀིམ་ཇོ་ནམ་གྱི་ཕུང་པོ་འཁྱེར་སའི་ཀོ་ལ་ལུམ་པུར་གྱི་སྨན་ཁང་དུ་ཕྱིན་ཡོད་འདུག

ལྷོ་ཀོ་རི་ཡའི་བརྒྱུད་ལམ་ཁག་གིས་འདས་པོའི་མིང་ཚེས་༡༤ ཉིན་བསྒྲགས་ཡོད་འདུག་ཀྱང་། མ་ལེ་ཤི་ཡའི་གཞུང་གིས་ཁ་སང་ཕྱི་ཚེས་༡༤ ཉིན་ཐོག་མར་བྱང་ཀོ་རི་ཡའི་མི་ཞིག་གྲོངས་འདུག་ཅེས་བསྒྲགས་ཡོད་འདུག་པ་དང་། དེ་རྗེས་ཉེན་རྟོག་པས་གྲོངས་མཁན་དེ་ནི་ཕྱི་ལོ་༡༩༧༠ ལོའི་ཕྱི་ཟླ་༦ པའི་ཚེས་༡༠ ཉིན་སྐྱེས་པའི་ཀིམ་ཆོལ་ཞེས་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག བྱང་ཀོ་རི་ཡའི་སྲིད་འཛིན་གྱི་ཇོ་ཇོ་ཀིམ་ཇོང་ནམ་ནི་ཕྱི་ལོ་༡༩༧༡ ལོའི་ཕྱི་ཟླ་༥ པའི་ཕྱི་ཚེས་༡༠ ཉིན་སྐྱེས་ཡོད་ཚུལ་འདུག་ཅེས་བསྒྲགས་ཡོད་འདུག འོན་ཀྱང་། ཀིམ་ཇོང་ནམ་གྱིས་ཕྱི་བསྐྱོད་ལག་དེབ་རྫུན་མ་བེད་སྤྱོད་བྱས་པ་ནི་ད་ཐེངས་ཐོག་མ་ཆགས་མེད་པ་དང་། དེ་ཡང་། དེ་སྔོན་ཕྱི་ལོ་༢༠༠༡ ལོར་ཡང་ཕྱི་བསྐྱོད་ལག་དེབ་རྫུན་མ་ཞིག་གི་ཐོག་ནས་ཉི་ཧོང་དུ་ཕྱིན་ཡོད་འདུག་ཀྱང་། ལམ་ལྷོང་མ་བྱུང་ནས་འཇུ་བཟུང་བྱས་ཡོད་འདུག

ཀིམ་ཇོང་ནམ་ནི་འདས་གྲོངས་སུ་གྱུར་ཟིན་པའི་བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཇོང་ཨེལ་དང་བུད་མེད་འཁྲབ་སྟོན་པ་ཁྲིན་ཧེ་ལིན་གཉིས་ཀྱི་བུ་ཡིན་ཞིང་། ཁོ་ལོ་ན་༡༥ ལ་སོན་སྐབས་ཕའི་ལམ་སྟོན་འོག་བྱང་ཀོ་རི་ཡའི་གློག་ཀླད་ཞབས་ཞུ་ཁང་གི་འགན་འཛིན་བྱས་ཏེ་སྲིད་གཞུང་གི་བྱ་བར་ཞུགས་ཡོད་པ་དང་། རྗེས་སུ་བྱང་ཀོ་རི་ཡ་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་འགན་འཛིན་དང་། ངལ་རྩོལ་དབུས་དྲིལ་བསྒྲགས་ལྷན་ཁང་གི་སློབ་སྟོན་པ། རྒྱལ་ཁབ་སྤྱི་ཚོགས་བདེ་འཇགས་ཁང་གི་འགན་འཛིན་སོགས་བྱས་ཡོད་འདུག་ཀྱང་། ཕྱི་ལོ་༢༠༠༡ ལོར་ཁོས་ཕྱི་བསྐྱོད་ལག་འཁྱེར་རྫུན་མ་ཞིག་གི་ཐོག་ནས་ཉི་ཧོང་ལ་འགྲོ་ཐབས་བྱས་པ་ཤེས་རྟོགས་བྱུང་རྗེས་རྒྱང་ཕུད་བཏང་ཡོད་པ་དང་། རིམ་གྱིས་བྱང་ཀོ་རི་ཡའི་སྲིད་དབང་ལས་ཟག་ཡོད་འདུག

ཀིམ་ཇོང་ནམ་བྱང་ཀོ་རི་ཡའི་སྲིད་འཛིན་དུ་བསྐོ་གཞག་བྱས་མེད་པས། ཁོ་རང་གི་དུས་ཚོད་མང་ཆེ་བ་ལྷོ་རྒྱ་ནག་རྒྱ་མཚོར་ཆགས་པའི་མེ་ཁོ་གྲོང་ཁྱེར་དང་། རྒྱ་ནག སིང་གྷ་པོར་བཅས་ལ་བསྡད་ཡོད་འདུག

འོན་ཀྱང་། ཕྱི་ལོ་༢༠༡༢ ལོར་ཁོས་རང་གི་ཁྱིམ་ཚང་གིས་རྒྱལ་རྒྱུད་ཀྱི་ཚུལ་དུ་བྱང་ཀོ་རི་ཡ་དབང་བསྒྱུར་བྱེད་བཞིན་པ་ལ་ངོ་རྒོལ་དུ། ངའི་སྤུན་མཆེད་གཞོན་པར་འགོ་ཁྲིད་ཀྱི་ཁྱད་ཆོས་ཚང་ཡོད་མ་རེད་ཅེས་བརྗོད་ཡོད་འདུག་པ་དང་། དེ་བཞིན་ཁོ་ཡང་འགོ་ཁྲིད་བྱ་རྒྱུའི་འདོད་འདུན་མེད་སྐོར་བརྗོད་ཡོད་འདུག

ཕྱི་ལོ་༢༠༡༢ ལོར་བྱང་ཀོ་རི་ཡའི་གསང་མྱུལ་བ་ལྷོ་ཀི་རི་ཡས་བཙོན་འཇུག་བྱས་ཡོད་པ་ཞིག་གིས་བཤད་ན། ཁོས་ཀིམ་ཇོང་ནམ་བསད་ནས་འབྲོ་འཆར་བྱས་པ་ཡིན་སྐོར་བཤད་ཡོད་འདུག་ལ། དེ་བཞིན་བྱང་ཀོ་རི་ཡས་ཀིམ་ཇོ་ནང་ལྐོག་གསོད་དང་། རྒོལ་རྡུང། དེ་བཞིན་བཙན་ཁྲིད་བྱ་ཐབས་བཅས་སུ་བསྟུད་མར་འབད་བརྩོན་བྱས་ཡོད་པའི་གནས་ཚུལ་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་ཕྱི་ལོ་ ༢༠༡༣ ལོར་སྲོག་ཐོག་བཏང་བའི་ཆང་སོང་ཐེ་དང་ཀིམ་ཇོང་ནམ་བར་འབྲེལ་བ་ཤུགས་ཆེན་ཡོད་སྟབས། ཁོའི་སྤུན་ཆུང་ད་ལྟའི་བྱང་ཀོ་རི་ཡའི་སྲིད་འཛིན་ལས་ཐོག་པ་ཁེམ་ཇོང་ཨན་གྱི་བཀའ་རྒྱའི་འོག་ལྐོག་གསོད་ཐེབས་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share on Facebook29Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 626

Leave a Reply