ཚོན་ལྡན་པར་རིས་ཅན་གྱི་སོན་རྩ་བྱིས་པའི་དཔེ་དེབ་དབུ་འབྱེད།

ཟླ་འདིའི་ཚེས་༧ ཉིན་དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱིས་པར་སྐྲུན་བྱས་པའི་ཚོན་ལྡན་པར་རིས་ཅན་གྱི་སོན་རྩ་བྱས་པའི་དེབ་ཕྲེང་བཞི་བཅུ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།
དབུ་འབྱེད་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་དཔེ་དེབ་དབུ་འབྱེད་བྱས་པ་དང་། ཁོང་གིས་ཤེས་རིག་ལས་ཁུངས་ཀྱིས་སོན་རྩ་བྱིས་པའི་དེབ་ཕྲེང་འདོན་རྒྱུ་དེ་ལས་དོན་གལ་ཆེན་གཅིག་ཡིན་སྐོར་དང་། གཞི་རིམ་འོག་མའི་ཤེས་ཡོན་ཐོག་ནུས་ཤུགས་འདོན་རྒྱུའི་ལས་འཆར་གལ་ཆེན་གཅིག་དང་། དགེ་རྒན་ཚོར་བྱིས་པའི་གནས་ཚད་དང་འཚམས་པའི་སློབ་ཁྲིད་ཡོང་ཐབས་སུ་ཆེད་ལས་པར་སློབ་སྟོན་དང་དགེ་རྒན་ལ་ཟབ་སྦྱོང་རིམ་པ་ཞུས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།  དེ་བཞིན་ཁོང་གིས་སློབ་མའི་ཀློག་རྩལ་ཡར་རྒྱས་ཡོང་ཆེད། སློབ་གྲྭའི་དཔེ་མཛོད་ནང་དཔེ་དེབ་ཆེན་པོ་དང་རྫིག་པོ་དེ་འདྲ་མ་ཡིན་པར། ཕྲུ་གུའི་གནས་ཚད་དང་མཐུན་པའི་དཔེ་དེབ་གང་མང་མཁོ་སྒྲུབ་དགོས་སྐོར་གསུངས་སོང་།
བྱིས་སྒྲུང་དེ་དག་གི་བརྗོད་གཞི་དུས་ཆེན་དང་། ཁ་ལག སྲོག་ཆགས། འབྲེལ་ལམ། རྩེད་མོ་བཅས་བརྗོད་གཞི་ལྔའི་ཐོག་དེབ་བརྒྱད་རེ་བཏོན་ནས་བསྡོམས་པའི་དེབ་བཞི་བཅུ་ཡོད་པ་རེད། དེབ་དེ་སྒྲུང་མཁན་དང་རི་མོ་འབྲི་མཁན་ཆེད་དུ་གླས་ནས་བྲིས་ཡོད་པ་དང་། རྒྱ་གར་དང་བོད་མིར་སློབ་སྟོན་རིམ་པ་ཞུས་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 109

Leave a Reply