འབྲོག་ལམ་ནས་རྒྱ་དཀར་ནག་གཉིས་ཀྱི་དམག་མི་ཕྱིརའཐེན་བྱ་རྒྱུ་ཡིན་འདུག

འབྲོག་ལམ་ཁུལ་དུ་རྒྱ་དཀར་ནག་གཉིས་བར་གདོང་ཐུག་གི་རྩོད་རྙོག་བྱུང་ནས་ཟླ་ཤས་རྗེས་སུ། གདོང་ཐུག་བྱུང་སའི་ས་གནས་ནས་ཕྱོགས་གཉིས་ཀྱི་དམག་མི་མྱུར་དུ་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་བྱུང་ཡོད་པ་རེད་འདུག

ཟླ་༨ པའི་ཚེས་༢༨ ཉིན་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས། “འདས་པའི་བདུན་ཕྲག་ཁ་ཤས་རིང་། རྒྱ་གར་དང་རྒྱ་ནག་གཉིས་བར་འབྲོག་ལམ་གྱི་གནད་དོན་ཐོག་གཞུང་འབྲེལ་སྐད་ཆ་བྱས་ཡོད་པ་དང་། གནས་སྐབས་དེའི་རིང་ང་ཚོའི་ཕྱོགས་ནས་བསམ་ཚུལ་འགྲེལ་བཤད་བརྒྱབ་ཐུབ་པ་དང་། ང་ཚོའི་སེམས་འཚབ་དང་ཁེ་ཕན་ཐོག་གོ་བརྡ་གསལ་པོ་སྤྲད་རྒྱུ་བྱུང་བས། དེ་གཞིར་བཞག་གིས་འབྲོལ་ལམ་ཕྱོགས་སུ་འགྲེམས་འཇོག་བྱས་པའི་ཕྱོགས་གཉིས་ཀྱི་དམག་མི་རྣམས་ཕྱིར་འཐེན་བྱ་རྒྱུ་མོས་མཐུན་བྱུང་ཡོད་པ་དང་། དེ་ལྟར་བྱེད་མུས་ཡིན་”ཞེས་འཁོད་པའི་བསྒྲགས་གཏམ་ཞིག་སྤྱི་ཚོགས་བརྒྱུད་ལམ་ཊེའུ་ཊར་ཐོག་ཏུ་སྤེལ་ཡོད་འདུག

ཕྱོགས་གཉིས་ཀྱི་དམག་མི་ཕྱིར་འཐེན་བྱ་རྒྱུའི་མོས་མཐུན་དེ་རྒྱ་གར་གྱི་སྲིད་བློན་མོ་ཌེ། རྒྱ་ནག་ཏུ་རྒྱལ་ཁབ་ལྔའི་(BRICS)ལྷན་ཚོགས་སུ་བསྐྱོད་ལ་ཉེ་བའི་སྐབས་བྱུང་བ་ཞིག་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 722

Leave a Reply