རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་སླར་འདེམས་ཐོན།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་འོས་བསྡུའི་ཁྲོད། རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་མང་པོ་ཡོད་མེད་ལ་མ་ལྟོས་པར་སླར་ཡང་འདེམས་ཐོན་བྱུང་འདུག

14825626_1299936890030177_867428301_nཟླ་འདིའི་ཚེས་༢༩ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༧ ལོའི་ཟླ་༡ པོའི་༡ ཉིན་ནས་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་གཏོང་བའི་ལས་འགན་ཡོད་མཁན། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་། རྒྱ་ནག་ལ་སླར་ཡང་རྒྱབ་སྐྱོར་ཆེན་པོའི་ཐོག་འོས་འདེམས་བྱུང་འདུག་པ་དང་། འགྲོ་བའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་དང་། རྒྱལ་ཚོགས་རྟོག་ཞིབ་ཚོགས་པ་སོགས་ཀྱིས། རྒྱ་ནག་དང་སོ་ཌི་ཨ་རབ། ཁུ་བྷ་སོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་ཀྱང་། གལ་གནད་ཆེ་བའི་ལྷན་ཚོགས་ལ་འདེམས་ཐོན་བྱུང་བར་སྐྱོན་བརྗོད་བྱས་འདུག

དེ་བཞིན་ཨ་རི་དང་དབྱིན་ཡུལ་སོགས་སླར་ཡང་འདེམས་ཐོབ་བྱུང་འདུག་ཀྱང་། ཨུ་རུ་སུ་འདེམས་ཐོན་ཐུབ་མེད་པ་དང་། དེ་ནི་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཚོགས་ཀྱི་རྒྱུན་ལས་རྒྱལ་ཁབ་ཅིག འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་ལ་འདེམས་ཐོན་མ་བྱུང་བ་ཐེངས་དང་པོ་ཡིན་འདུག དེ་ཡང་ཨུ་རུ་སས་སི་རི་ཡ་སོགས་ལ་དམག་གི་བྱེད་ལས་ལ་བརྟེན་ནས། ལྷན་ཚོགས་དེར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཀྱི་སྐུ་ཚབ་ཁོངས་སུ་འདེམས་ཐོན་བྱུང་མེད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་ནི་ཕྱི་ལོ་༢༠༠༦ ལོར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་ཀྱི་ངོ་བོ་དེ་བསྒྱུར་ནས་གསར་འཛུགས་བྱས་ཡོད་འདུག་པ་དང་། དེ་གར་ཚོགས་མི་༤༧ འོས་འདེམས་ཀྱིས་ལོ་༣ རིང་ལས་གནས་དེར་འཇུག་གི་ཡོད་པ་རེད། ལྷན་ཚོགས་དེར་སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་གིས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་མི་ངན་འགྲེམས་སྟོན་ཁང་ཞེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད་འདུག

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 113

Leave a Reply