རྒྱལ་ཚོགས་ཀྱི་དྲུང་ཆེར་བུད་མེད་འདེམས་ཐོན་ཐུབ་རྒྱུ་མིན་པ།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་༧༠ ཡི་ལོ་རྒྱུས་ནང་བུད་མེད་ཀྱི་དྲུང་ཆེ་འདེམས་ཐོན་བྱུང་མྱོང་མེད་པས། ལས་ཐོག་དྲུང་ཆེ་བྷེན་ཀི་མོན་གཙོས་པའི་མི་མང་པོ་ཞིག་གིས། ཐེངས་འདིར་བུད་མེད་ཅིག་འདེམས་ཐོན་བྱུང་བའི་རེ་བ་བརྒྱབ་ཡོད་ཀྱང་། སླར་ཡང་སྐྱེས་པ་ཞིག་ལ་འདེམས་ཐོན་བྱུང་རྒྱུ་རེད་འདུག

14585532_1275298762493990_1293063176_nདེ་ཡང་ཟླ་འདིའི་ཚེས་༦ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཚོགས་ཀྱི་ཚོགས་མི་༡༥ ནས་༡༣ གྱིས་པོ་ཇུ་གྷལ་གྱི་སྲིད་བློན་ཟུར་པ་དང་ལོ་༡༠ ཡི་རིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་དོན་གཅོད་ཁང་གི་འགན་འཛིན་གནང་མྱོང་མཁན། ལོ་ན་༦༧ ཡིན་པའི་སྐུ་ཞབས་ཨན་ཊོ་ནིའུ་གུ་ཊེ་རེ་སི་(Antonio Guterres ) ལ་རྒྱབ་སྐྱོར་བྱས་འདུག་པ་དང་། ཚོགས་མི་༢ ཀྱིས་བར་གནས་ཀྱི་འོས་ཤོག་འཕངས་ཏེ། ཁོང་ལ་དགག་པ་རྒྱག་མཁན་བྱུང་མེད་པ་རེད། ཟླ་འདིའི་ཚེས་༦ ཉིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་ནང་ཁོང་ལ་འོས་ཤོག་འཕེན་རྒྱུ་རེད་འདུག་ཀྱང་། དེ་ནི་འགྲོ་སྟངས་ཤིག་ཡིན་པས། ཁོང་འདེམས་ཐོན་བྱུང་རྒྱུ་ཡིན་པ་ངེས་གཏན་ཡིན་འདུག

ཨུ་རུ་སུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཆུར་ཀིན་ Churkin གྱིས། འོས་མི་ཚང་མར་འཛམ་གླིང་གི་གནད་དོན་ལ་བསམ་ཤེས་དང་རྣམ་དཔྱོད། སེམས་འཚབ་བཅས་ཡོད་མཁན་ཤ་སྟག་ཡིན་ཡ་། དྲུང་ཆེའི་ལས་གནས་ལ་འོས་ཤོས་ནི་སྐུ་ཞབས་ཨན་ཊོ་ནིའུ་གུ་ཊེ་རེ་སི་ཡིན་སྐོར་བརྗོད་འདུག

དེ་སྔོན་ཟླ་༨ པའི་ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལས་གནས་ཀྱི་ལས་ཡུན་རྫོགས་ལ་ཉེ་བའི་སྐུ་ཞབས་བྷེན་ཀེ་མོན་གྱིས། ད་བར་བུད་མེད་ཀྱིས་རྒྱལ་ཚོགས་དེ་སྣེ་ཁྲིད་བྱས་པ་བྱུང་མྱོང་མེད་པས། ཐེངས་འདིར་བུད་མེད་ཅིག་དྲུང་ཆེར་འདེམས་ཐོན་བྱུང་བའི་དུས་ལ་སླེབས་ཡོད་པས། རེ་བ་རྒྱག་གི་ཡོད་པ་དང་། འོས་མིའི་ནང་བུད་མེད་འཇོན་ཐང་དང་སེམས་ཤུགས་ཡོད་མཁན་མང་པོ་ཡོད་སྐོར་བརྗོད་ཡོད་པ་རེད། མི་མང་པོ་ཞིག་གིས་བུད་མེད་ཅིག་འདེམས་ཐོན་ཡོང་རྒྱུར་རེ་བ་བྱས་ཡོད་ཀྱང་། ཐེངས་འདིར་དེ་ལྟར་བྱུང་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 34

Leave a Reply