རྡོར་གདན་དུས་དབང་སྐབས་རྐུན་མ་འཇུ་བཟུང་།

ཟླ་འདིའི་ཚེས་༡༣ ཉིན་གཞོན་ལྷན་ཛ་དྲག་འབྲེལ་མཐུད་ཁང་དུ་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན་ལ། རྡོར་གདན་དུས་དབང་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་ཛ་དྲག་འབྲེལ་མཐུད་ཁང་ནས་ཆོས་ཞུ་བ་ཛ་དྲག་ནད་པར་རོགས་སྐྱོར་དང་། རྒས་ཁོག་དང་ནད་པ་སྡོད་འཁོར་ཐོག་ནས་སྐྱེལ་འདྲེན། མི་གྲོངས་པ་ཚོའི་ཕུང་པོ་མེར་སྲེག་གི་ལས་ཀ་བཅས་བྱེད་ཀྱི་ཡོད་པ་རེད།

མི་ཚོགས་ཁྲོད་རྒྱ་གར་འགྲིམ་འགྲུལ་ཉེན་རྟོག་པས་གླ་འཁོར་ཁག་གི་ལམ་ཁ་བཀག་གི་ཡོད་པས། ཆོས་ཞུ་བ་ཐག་རིང་པོར་བསྡད་ཡོད་མཁན་ཚོར་ཡར་མར་ལ་འགྲོ་སྐབས་གཞོན་ལྷན་གྱི་དང་བླངས་ཞབས་ཞུ་བ་རྣམས་ཀྱིས་སྡོད་འཁོར་ཐོག་ནས་རྒན་ཁོག་ཡར་མར་ལ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་དང་། མཐུན་རྐྱེན་ཡག་པོ་ཡོད་མཁན་ཚོ་སོ་སོས་སྡོད་འཁོར་དེ་ཚོ་གྲ་སྒྲིག་བྱས་འདུག དེ་བཞིན་ཛ་དྲག་ནད་པ་ཁག་སྨན་ཁང་དུ་བསྐྱལ་རོགས་དང་། མི་གྲོངས་སོང་བ་ཚོར་ཕུང་པོ་མེར་སྲེག་དང་འཕོ་བ་འདེབས་མཁན་གདན་ཞུའི་རོགས་རམ་བྱེད་ཀྱི་ཡོད་པ་རེད།

ཛ་དྲག་འབྲེལ་མཐུད་ཁང་གི་འགན་ཁུར་བ་དབུས་རྒྱུན་བཀྲ་ཤིས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། ད་སྔ་བར་ཛ་དྲག་གི་ནད་པ་མི་བརྒྱད་སྨན་ཁང་ཆེན་པོར་བསྟེན་གཏུག་གི་རོགས་པ་བྱས་ཏེ། སྨན་བཅོས་ཡག་པོ་བྱུང་ཡོད་འདུག མི་ལྔ་གྲོངས་པ་ཕུང་པོ་མེར་སྲེག་དང་འཕོ་བ་འདེབས་མཁན་གདན་ཞུ་སོགས་བསྔོ་སྨོན་བྱས་ཡོད་པ་དང་། དེའི་ནང་བོད་མི་གསུམ་དང་། བལ་པོའི་མི་གཅིག མོན་རྟ་དབང་གི་མི་གཅིག་བཅས་ཡོད་འདུག་ལ། དེ་ཚོ་ཚང་མ་ལོ་ན་མཐོན་པོ་དང་། ཁྲག་ཤེད་ཀྱི་ན་ཚ་སོགས་ཀྱིས་གྲོངས་པ་ཡིན་འདུག

དབུས་རྒྱུན་བཀྲ་ཤིས་དོན་གྲུབ་ཀྱིས་སྤྱི་ཚོགས་ཞབས་ཞུའི་དཀའ་ངལ་སྐོར་གསུང་དོན། “ནད་པ་དང་རྒས་ཁོག་ལ་རོགས་སྐྱོར་བྱས་ནས་དཀའ་ངལ་སེལ་ཐུབ་ཀྱི་འདུག་ཀྱང་། དཀའ་ངལ་སེལ་མ་ཐུབ་པ་དེ་རྙོག་གླེང་གི་རིགས། དཔེར་ན་རྒྱ་གར་གྱི་ཁང་པ་གླས་ཡོད་མཁན་ཞིག་གིས་མཚན་དཀྱིལ་ཞིག་ལ་ཁང་བདག་གིས་སྡོད་མི་བཅུག་པར་ཕྱི་ལ་ཕུད་སོང་ཟེར། དེར་ལྟ་རུ་འགྲོ་སྐབས་ཁང་བདག་གིས་ཐོག་མར་ཁང་པའི་ནང་མི་གསུམ་སྡོད་རྒྱུ་བྱས་ཡོད་ཀྱང་། ཁོ16111571_1209695295775588_558107677_nང་ཚོ་མི་ལྔ་བསྡད་འདུག་ཟེར་གྱི་འདུག ཡང་ཨ་རི་ནས་ཡོང་མཁན་ཞིག་གིས་ཁང་པའི་ནང་གསེར་གྱི་རྒྱན་ཆ་བརླགས་སོང་ཟེར། དེར་ལྟ་རུ་འགྲོ་སྐབས་རྒྱ་གར་བ་དེས་བརྐུས་མེད་ཟེར་གྱི་འདུག་ལ། དེ་ནས་རྒྱ་གར་གྱི་ཉེན་རྟོག་པ་སྐད་བཏང་ནས་དཔྱད་ཞིབ་བྱེད་པའི་བར་ནས་རྒྱ་གར་དེ་བྲོས་ཚར་འདུག དཀའ་ངལ་དེ་ཚོ་སེལ་ཐབས་སུ་དཀའ་ངལ་འདུག་”ཅེས་གསུངས་སོང་།

བཀྲ་ཤིས་ཀྱིས་རྐུན་མ་ཞིག་འཇུ་བཟུང་ཐུབ་པའི་སྐོར་གསུང་དོན། “སྤྱིར་བཏང་རྐུན་མའི་རིགས་ལ་རྒྱ་གར་གྱི་ཉེན་རྟོག་པ་དང་། བོད་མའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནས་ལྟ་ཡི་ཡོད་རེད། ཡིན་ཡང་འདིར་ཅ་ལག་བརླགས་སོང་། རྐུན་མར་ཤོར་སོང་ཟེར་མཁན་མང་པོ་འདུག་ལ། རྒྱབ་ཁུག་གྲིས་དབྲལ་ནས་ནང་གི་ཅ་ལག་བཏོན་སོང་བ་མང་པོ་འདུག མདང་དགོང་ང་ཚོའི་ཞལ་འདེབས་ཕུལ་སའི་ནང་རྐུན་མ་རྒྱག་མཁན་ཞིག་འཛིན་ཐུབ་སོང་། ཁོང་བལ་ཡུལ་གྱི་མི་རེད་འདུག་ལ། སྔོག་བཤེར་གཏོང་སྐབས་དངུལ་འབོར་ཆེན་པོ་དང་། མི་འདྲ་མིན་གྱི་ལག་ཁྱེར་དང་དངུལ་ཁུག་མང་པོ་འདུག ཁོས་ཆོས་ཞུ་བའི་ལག་ཁྱེར་བཟོས་འདུག་ལ། རྒྱ་གར་ཉེན་རྟོག་པར་རྩིས་སྤྲད་ནས་བཙོན་ཁང་དུ་ཁྲིད་པ་རེད། ཁོང་ལ་རོགས་པ་གཉིས་ཡོད་འདུག་ལ་ཁོང་གཉིས་འཇུ་ཐུབ་མ་སོང་མོད། པར་དེ་ཚོ་རག་ཡོད་པས་དང་བླངས་ཞབས་ཕྱི་བ་ཚང་མའི་ལག་ཏུ་བཀྲམ་ནས་འཚོལ་ཐབས་བྱེད་ཀྱི་ཡོད། སྤྱིར་བཏང་རྒྱ་གར་ཉེན་རྟོག་པས་ཡུལ་མིར་ལྟ་བ་ལས་ཆོས་ཞུ་བའི་ནང་རྐུན་མ་ཡོད་པར་དེ་ཙམ་དོགས་པ་བྱེད་ཀྱི་མི་འདུག འོན་ཀྱང་གསུང་ཆོས་ཀྱི་ལག་ཁྱེར་བཟོས་ན་ཆོས་ཞུ་བ་ཡིན་མདོག་བྱས་ཏེ་རྐུན་མ་རྒྱག་མཁན་མང་པོ་ཡོད་ས་རེད་”ཅེས་འགྲེལ་བརྗོད་གནང་སོང་།

ད་ལོའི་དུས་དབང་སྐབས་སྤྱིར་མི་མང་ལ་སྡོད་གནས་དང་གོ་སྒྲིག་བྱེད་ཕྱོགས་སོགས་ཀྱི་ཐོག་དཀའ་ངལ་འདུག་ཟེར་མཁན་དེ་འདྲ་མང་པོ་མེད་སྐོར་ཡང་འགྲེལ་བརྗོད་གནང་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོར་གདན་ནས།

 

 

Share on Facebook80Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 1672

Leave a Reply