ཕོ་མོ་འདྲ་མཉམ་ཟེར་བའི་ཐ་སྙད་ལ་དཔྱད་པའི་གཏམ་།

འཇིག་རྟེན་འདིར་མིའི་སྤྱི་ཚོགས་འཕེལ་ནས་ཕོ་མོ་འདྲ་མཉམ་གྱི་འགན་འཁུར་འོག ཁྱིམ་ཚང་གི་འཚོ་བ་སྲུང་ནས་བུ་ཕྲུག་གསོ་སྐྱོང་གི་མཚོན་པས་འཇིག་རྟེན་གྱི་བྱ་ལས་ལ་ཕོ་མོ་འདྲ་མཉམ་གྱི་མཉམ་རུབ་དང་མཉམ་ལས་མཉམ་ཟ། མཉམ་འཐུང་བྱེད་བཞིན་པའི་ཡ་རབས་བཟང་སྤྱོད་ཀྱི་མི་ཚེའི་ལམ་ལུགས་ནས་རང་དོན་ཁོག་ཏུ་གཉེར་མཁན་གྱི་འདོད་རྒྱལ་ཅན་གྱི་ཆབ་སྲིད་མི་སྣའི་དྲན་རྒྱུ་དང་བསམ་རྒྱུ་གཡོ་རྒྱུའི་ལས་ལ་བྱང་ཆུབ་པའི་དེང་དུས་ཀྱི་ཆབ་སྲིད་མི་སྣ་ཚོའི་ཕོ་མོ་འདྲ་མཉམ་ཟེར་བའི་སྐད་ཤུགས་ཆེན་པོའི་གཏམ་དེའི་འཛམ་གླིང་ཧྲིལ་པོ་ལ་འགུལ་ཤུགས་ཐེབས་ཡོད་ན་ཡང་། ཕོ་མོའི་དབང་རྩ་ལ་འདྲ་མཉམ་ནམ་ཡང་བཟོ་མི་ཐུབ་པ་ནི་འཇིག་རྟེན་བཀོད་པ་པོས་ལས་ཀྱི་བསྟན་པའི་མེ་ལོང་སུས་བསུབ་ཐུབ་ལ་གོ་ལ་ཧྲིལ་པོ་ཕོ་མོ་འདྲ་མཉམ་ཟེར་བའི་ཐ་སྙད་འདིའི་འོག་ཏུ་སྤྱི་ཚོགས་ཀྱི་འཚོ་བ་ལ་འགན་སྲུང་བྱེད་བཞིན་པའི་ལམ་ལུགས་འདིའི་ཤུགས་རྐྱེན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤུགས་མ་ཐུབ་ལ་སླེབས་ནས། དབུས་བོད་མིའི་སྒྲིག་འཛུགས་ནས་བུད་མེད་ལ་ཆེ་མཐོང་དང་བུད་མེད་ཀྱི་ནུས་སྟོབས་སྤེལ་རྒྱུའི་ལས་འཆར་དེ་དག་ཤོག་སྟེང་དུ་གྲོས་ཆོད་རྫིག་པོ་འཇོག་ཐུབ་པ་དང་ཟབ་སྦྱོང་སྤྲོད་ཐུབ་པ་ཙམ་གྱིས་བུད་མེད་ལ་ཆེ་མཐོང་དང་ནུས་སྟོབས་སྨིན་རྒྱུ་ཡོད་མེད་མི་ཤེས་ཀྱང་། དོན་དངོས་ལག་ལེན་དུ་འཁེལ་དགོས་པ་དེ་གལ་ཆེན་དོན་ཆེན་ལ་སོང་། ཕྱི་ལོ་ཉིས་སྟོང་ཉི་ཤུ་རྩ་གཅིག་ལོར་སྲིད་སྐྱོང་གི་འོས་བསྡུ་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཡིན་པས། སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་ལ་བུད་མེད་སླེབས་ཐུབ་པའི་འགན་དེ་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོ་བོད་མི་མང་སྤྱི་འཐུས་གྲོས་ཚོགས། ཆེས་མཐོའི་ཁྲིམས་ཞིབ་ཁང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ཁྱབ་ཆེ་བའི་རྒྱ་ཆེ་མང་ཚོགས་བཅས་ནས་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་གིས་བཀོད་སྒྲིག་གནང་བའི་བུད་མེད་ལ་ཆེ་མཐོང་དང་བུད་མེད་ཀྱི་ནུས་སྟོབས་སྤེལ་རྒྱུའི་ལས་འཆར་ལ། ང་ཚོས་འགན་འཁུར་ནས་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་ལ་བུད་མེད་སླེབས་ཐུབ་པའི་འགན་དེ་ང་ཚོས་ཁུར་ནས་འཛམ་གླིང་མི་མང་གི་མདུན་བོད་ཀྱི་བུད་མེད་ཀྱིས་འཇོན་ཐང་དང་ནུས་པ་འགན་ཁུར། ཆོད་སེམས། ལྷག་བསམ་སོགས་དུས་རབས་འདིའི་ནང་སྟོན་ཐུབ་པའི་འགན་འཁུར་ང་ཚོས་ལེན་དགོས་པ་དེ་འཕྱི་སྐྱོན་མེད་ན་ཡང་སྔ་སྐྱོན་གང་ན་ཡོད།།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 31

Leave a Reply