ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི།

ཟླ་འདིའི་ཕྱི་ཚེས་༡ ཉིན་རྒྱ་གར་བྱང་ཕྱོགས་སྡེ་ར་སྡུན་མངའ་ཁུལ་དུ་རྟེན་གཞི་བྱས་པའི་དཔལ་ལྡན་ས་སྐྱ་པའི་བྱེས་ཀྱི་གདན་ས་འཕགས་ཡུལ་ར་ཛ་སྤུར་ས་སྐྱའི་ཆོས་སྒར་དུ་ས་སྐྱ་༧གོང་མའི་དགུང་ལོ་དོན་གཉིས་ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པ་རེད།

14569825_1096208917099042_1291138098_nདེ་ཡང་ཟླ་སྔོན་མའི་ཟླ་ཞུགས་ནས་༧འཁོན་གདུང་སྐུ་བགྲེས་རིན་པོ་ཆེས་དབུས་པའི་འདུས་མང་ཡོངས་ནས་ཉིན་གསུམ་རིམ་བརྟན་བཞུགས་ཀྱི་སྒྲུབ་ཞག་མཛད་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༡ གྱི་སྔ་དྲོ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་བཞུགས་གནས་སྒྲོལ་མ་ཕོ་བྲང་ནས་ས་སྐྱའི་གདུང་སྲས་རྣམ་པ་དབུས་པའི་བླ་ཆེན་དང་མཁན་ལས་ཟུར་རྣམ་པ་བཅས་ཀྱིས་སྤྱན་རྒྱ་སྤུས་སྣེ་དང་སེར་སྦྲེངས་སོགས་ཀྱི་གདན་དྲངས་ནས་བཞུགས་ཁྲིར་ཞབས་སོར་འཁོད་གྲུབ་པ་དང་། ཚོགས་ཡོངས་ནས་བརྟན་བཞུགས་ཀྱི་ཆོ་ག་གསུངས་ཡོད་པ་རེད།

དེའི་རྗེས་འཁོན་གདུང་སྐུ་བགྲེས་རིན་པོ་ཆེ་མཆོག་སྐུ་བཞེངས་ཐོག་མཎྜལ་སྐུ་གསུམ་ཐུགས་རྟེན་འདེགས་འབུལ་གནང་གྲུབ་རྗེས། ཕོ་བྲང་སྐུ་འཁོར་རྣམ་པ་དང་འབྲེལ་ཡོད་དགོན་སྡེ་དང་། ས་གནས་འགོ་འཛིན་རྣམས་གཙོས་པའི་ཚོགས་སྡེ་ཁག་བཅས་ལ་རིམ་བཞིན་མཇལ་ཁ་གནང་། མཐར་ཤར་ནུབ་ནས་ཕེབས་པའི་དད་ལྡན་མི་མང་ཡོངས་ལ་མཇལ་ཁ་བསྩལ་ནས་སྔ་དྲོ་ཚོུད་༡༢ ཡོལ་ཙམ་ལ་མཛད་རིམ་རྒྱལ་ཁ་ངང་ལེགས་སྒྲུབ་ཟིན་སོང་། ད་ལན་སྐུའི་འཁྲུངས་སྐར་འདི་ཉིད་བོད་གཙོས་པའི་འཛམ་གླིང་ཤར་ནུབ་ཡུལ་གྲུ་གང་སར་ནས་དད་ལྡན་སློབ་འབངས་དང་འབྲེལ་ཡོད་ཆོས་ཚོགས་ཁག་གིས་ཐུགས་འགན་གཙོ་བཞེས་ཐོག་སེམས་ཅན་སྲོག་བསླུ་དང་། སྐུ་རླུང་དར་འཛུགས་སོགས་རྣམ་དཀར་གྱི་བྱེད་སྒོ་རྒྱལ་ཆེར་སྤེལ་ནས་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་འདུག །
གསར་འགོད་པ་ཆོས་འོད་ཟེར།

Share on Facebook38Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 10

Leave a Reply