སུད་སི་རུ་བོད་ཀྱི་མང་གཙོའི་དུས་ཆེན་སྲུང་བརྩི།

ཟླ་འདིའི་ཚེས་༢ ཉིན་སུད་སི་རྒྱལ་ཁབ་ཏུ་སྡོད་མཁན་བོད་མི་ཚོས་བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་༥༧ པའི་སྲུང་བརྩི་དེ་ས་གནས་Kollbrunn དུ་འཚོགས་ཡོད་པ་རེད།

ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་། བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་། ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་རེད།

མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོས་བོད་ཀྱི་བདེན་མཐའ་སེལ་ཆེད་བོད་མི་ཚོ་ཆིག་སྒྲིལ་བྱེད་དགོས་སྐོར་དང་། བོད་ཀྱི་སྐད་དང་རིག་གཞུང་ལ་སྦྱང་བརྩོན་དགོས་སྐོར་གྱི་གསུང་བཤད་གནང་སོང་། དེ་བཞིན་སྐུ་ཚབ་དོན་གཅོད་དང་། རི་ཀོན་ཆོས་འཁོར་དགོན་པའི་མཁན་པོ། སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་། སྤྱི་འཐུས་ཚོགས་གཙོ་བཅས་ཀྱིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་སོང་།

མཇུག་ཏུ་ཚོགས་པ་ཁག་གིས་ལས་བསྡོམས་སྙན་སྒྲོན་བྱས་པ་དང་། ས་གནས་ཀྱི་ལས་ཀྱི་སྣེ་མོ་བ་དང་མི་མང་བར་དྲི་བ་དྲི་ལན་དང་བགྲོ་གླེང་འཚོགས་ཡོད་པ་རེད།

སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་གིས་འགྲེལ་བརྗོད་གནང་བ་ལྟར་ན། དུས་རྒྱུན་མི་ཚོས་དུས་ཆེན་སྲུང་བརྩིས་མཚོན་འདུ་འཛོམས་ཁག རི་ཀོང་དགོན་དུ་འཚོག་གི་ཡོད་ནའང་། ད་ལོ་ཚོགས་ཁང་འདིར་མི་མང་བ་ཤོང་གི་ཡོད་པས་འདིར་འཚོགས་ཡོད་འདུག་ལ། སྤྱིར་བཏང་སུད་སི་རུ་བོད་མི་ཁྱོན་བསྡོམས་བདུན་སྟོང་ལྔ་བརྒྱ་ཙམ་ཡོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་ས་གནས་ནས།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 206

Leave a Reply