སྐྱབས་བཅོལ་བ་ཁྲི་༡ ལྷག་གི་ཚེ་སྲོག་ཆུ་ཚོད་༤༨ ནང་བསྐྱབས།

བདུན་ཕྲག་འདིའི་གཟའ་ཟླ་བ་དང་མིག་དམར་ལ་བྱང་ཨ་ཧྥི་རི་ཁ་ནས་མི་ཧ་ཅང་མང་པོ་ཞིག་ཨི་ཊ་ལི་རུ་སྐྱབས་བཅོལ་ལ་འགྲོ་སྐབས་གྲུ་རྡིབ་ནས། མི་༢༨ འདས་གྲོངས་སུ་སོང་ཡོད་འདུག

14569870_248603668875029_1746138124_nདེ་ཡང་སྐྱབས་བཅོལ་བ་རྣམས་ཤིང་གྲུ་དང་འགྱིག་གྲུ་ནང་། ཉེན་ཁ་ཆེ་བའི་མེ་ཌི་ཏྲེ་ནི་ཡན་རྒྱ་མཚོ་(Mediterranean Sea)བརྒྱུད་ནས་ཨི་ཊ་ལི་རུ་སྐྱབས་བཅོལ་ལ་འགྲོ་སྐབས་གྲུ་རྡིབ་པ་དང་། སྐབས་དེར་ཨི་ཊ་ལིའི་མཚོ་ཁའི་སྐོར་སྲུང་བ་དང་། སི་པན་དང་བླངས་རུ་ཁག། དེ་བཞིན་ལི་བྷི་ཡའི་མཚོ་ཁའི་སྐོར་སྲུང་བ། ཡོ་རོབ་མཐུན་ཚོགས་ཀྱི་ཉེན་སྐྱོབ་རུ་ཁག་སོགས་ཀྱིས་ཆུ་ཚོད་༤༨ ནང་མི་ཁྲི་༡ ཙམ་གྱི་ཚེ་སྲོག་བསྐྱབས་ཐུབ་པ་བྱུང་ཡོད་རུང་། རེས་གཟའ་མིག་དམར་བར་ཉིན་གཉིས་ཀྱི་རིང་ལ་འདས་གྲོངས་སུ་གྱུར་པའི་མི་༢༨ ཀྱི་ཕུང་པོ་རྙེད་སོན་བྱུང་ཡོད་འདུག

ད་ཐེངས་ཀྱི་ཉེན་སྐྱོབ་ལས་གཞིའི་ནང་བརྒྱ་ཆ་༧༠ ནི་ཨི་ཊ་ལིའི་མཚོ་ཁའི་སྐོར་སྲུང་བ་དང་མཚོ་དམག་བཅས་ཡིན་འདུག་ལ། ཁོང་ཚོས་ཉེན་སྐྱོབ་བྱེད་བཞིན་པའི་སྐབས་སྐྱབས་བཅོལ་གྱི་སྐྱེས་མ་༣ ལ་ཕྲུ་གུ་སྐྱེས་ཡོད་པའི་སྐོར་བརྗོད་ཡོད་འདུག

དེ་བཞིན་ལི་བྷི་ཡ་དང་ལེ་དབར་༣༠ གྱི་བར་ཐག་ཡོད་པའི་མེ་ཌི་ཏྲེ་ནི་ཡན་རྒྱ་མཚོའི་ནང་། ལི་བྷི་ཡའི་མཚོ་ཁའི་སྐོར་སྲུང་བ་དང་། མིའི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་མཁན་གྱི་ཚོགས་པ། དེ་བཞིན་མཚོ་དམག་བཅས་ཀྱིས་འགྱིག་གྲུ་༣༢ དང་། ཤིང་གྲུ་ཆེན་པོ་༥། གདུང་གྲུ་༢ བཅས་བརྒྱུད་ནས་ཆུ་ཚོད་༢༤ ནང་སྐྱབས་བཅོལ་བ་༦༠༥༥ ཡི་ཚེ་སྲོག་བསྐྱབས་ཡོད་པའི་གནས་ཚུལ་ལི་བྷི་ཡའི་མཚོ་ཁའི་སྐོར་སྲུང་བས་བརྗོད་ཡོད་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་དྲུང་ཆེ་ས་ལི་ཤེ་ཏི་(Salil Shetty)ཡིས་འཛམ་གླིང་གི་རྒྱལ་ཁབ་༡༩༣ ཁྲོད་ནས་སྐྱབས་བཅོལ་ཡོང་ས་གཙོ་གྲས་ཀྱི་རྒྱལ་ཁབ་ཁག་དང་། ཁྱིམ་མཚེས་སུ་གྱུར་པའི་རྒྱལ་ཁབ་༡༠ ཡིས་འཛམ་གླིང་གི་སྐྱབས་བཅོལ་བ་ཕྱེད་ལྷག་ལ་གནས་ཡུལ་གྱི་མཐུན་སྦྱོར་བྱེད་དགོས་ཁེལ་གྱི་ཡོད་པས། འཛམ་གླིང་གི་དཔོན་པོ་ཚོས་སྐྱབས་བཅོལ་བར་ག་འདྲ་རོགས་རམ་བྱེད་དགོས་སྐོར་གྱི་གྲོས་བསྡུར་དང་། དེ་བཞིན་དངུལ་ཁང་རྐུབ་རྡིབ་པ་དང་། དམག་འཁྲུག འཕྲུལ་ལས་གསར་བཟོ་བཅས་ལ་རོགས་རམ་བྱེད་ཐུབ་པ། སྐྱབས་བཅོལ་མི་མང་ས་ཡ་༢༣ སྟེ། འཛམ་གླིང་མི་འབོར་གྱི་བརྒྱ་ཆ་༠.༣ ལ་རོགས་སྐྱོར་བྱེད་མི་ཐུབ་པའི་རྒྱུ་མཚན་འགྲེལ་བཤད་རྒྱག་དགོས་སྐོར་སོགས་བརྗོད་ཡོད་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 18

Leave a Reply