སྐྱབས་བཅོལ་བོད་མིར་སོ་ལྟ་བྱེད་མཁན་སོ་པ་ཞིག་འཛིན་བཟུང་།

ཡུ་རོབ་ཀྱི་རྒྱལ་ཁབ་སེ་ཝི་ཌེན་ནང་དུ། ཡུལ་དེར་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོར་རྒྱུན་རིང་ནས་གསང་བའི་སོ་ལྟ་བྱེད་མཁན་མི་ཞིག ཡུལ་དེའི་གསང་བའི་ལས་ཁང་གིས་འཛིན་བཟུང་བྱས་ཡོད་འདུག

17006333_1424745390882659_417400371_nཟླ་འདིའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། སེ་ཝི་ཌེན་གསང་བའི་ལས་ཁང་གིས་དུས་ཚོད་རིང་པོར། རྒྱལ་ཁབ་དེའི་ནང་ལོ་ཤས་རིང་ནས་གནས་སྡོད་བྱེད་བཞིན་པའི་མི་དེས། ཕྱིའི་རྒྱལ་ཁབ་ཅིག་གི་ཆེད་དུ། ཡུལ་དེའི་ནང་དུ་གནས་སྡོད་བྱེད་མཁན་སྐྱབས་བཅོལ་བོད་མི་ཚོར་སོ་ལྟ་བྱས་ནས། གནས་ཚུལ་མཁོ་སྒྲུབ་བྱས་ཡོད་འདུག་པ་དང་། དེའི་རྗེས་སུ་འཛིན་བཟུང་བྱས་འདུག གསང་བའི་ལས་ཁང་གིས་བསྒྲགས་གཏམ་ཞིག་ནང་མི་དེས་བསྡུ་རུབ་བྱས་པའི་གནས་ཚུལ་རྣམས། ཕྱིའི་རྒྱལ་ཁབ་ཅིག་གི་གསང་བའི་ལས་ཁང་ལ་སྤྲོད་ཀྱི་ཡོད་པའི་དོགས་པ་ཡོད་སྐོར་བརྗོད་འདུག

གསང་བའི་ལས་ཁང་གི་འགན་འཛིན་ལྕམ་ནཱི་ན་ཨོ་ཌེར་མམ་ཡིས། སྤྱིར་བཏང་ནས་སེ་ཝི་ཌེན་ནང་སྐྱབས་བཅོལ་བར་སོ་ལྟ་བྱེད་མཁན་གྱི་རྒྱལ་ཁབ་རྣམས་ནི། འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་བརྩི་མཐོང་མི་སྤྲོད་མཁན་ཡིན་སྐོར་བརྗོད་ཡོད་པ་དང་། རྒྱལ་ཁབ་དེའི་གསང་བའི་ལས་ཁང་གིས་སྐྱབས་བཅོལ་བར་སོ་ལྟ་བྱེད་པའི་རྒྱུ་མཚན་ནི། སྲིད་གཞུང་དེ་ནས་བྲོས་བྱོལ་དུ་ཕྱིན་པའི་སྐྱབས་བཅོལ་བ་དེ་ཚོས་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པ་བཀག་འགོག་བྱེད་ཐབས་དང་། དེ་བཞིན་སྲིད་གཞུང་གིས་མི་སུ་བྲོས་བྱོལ་དུ་ཕྱིན་ཡོད་པ་དང་། རྒྱུ་མཚན་ཅིའི་ཕྱིར་བྲོས་བྲོལ་ཕྱིན་པ། ད་ལྟ་གང་དུ་ཡོད་པ་སོགས་ཀྱི་གནས་ཚུལ་རག་ཐབས་ཤིག་ཡིན་སྐོར་བརྗོད་ཡོད་འདུག

དེ་བཞིན་གསང་བའི་ལས་ཁང་གིས་མི་དེ་རྒྱལ་ཁབ་གང་ནས་ཡིན་པ་དང་། རྒྱལ་ཁབ་སུ་ཡི་ཆེད་དུ་སྐྱབས་བཅོལ་བོད་མི་ཚོར་སོ་ལྟ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་མེད་འདུག དེ་བཞིན་རྒྱ་ནག་ནི་སོ་ལྟ་བཀོལ་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་དེ་ཡིན་མིན་ཁ་གསལ་བྱསམེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook59Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 1115

Leave a Reply