སྤྲུལ་སྐུ་ཨོ་དགའ་སྐུ་གཤེགས་པར་མྱ་ངན་གྲོས་ཆོད།

རྒྱ་གར་དབུས་ཕྱོགས་ཀྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཨོ་ཌི་ཤ་ཕུན་ཚོགས་གླིང་ས་གནས་འཐུས་ཚོགས་ནས། གཞིས་ཆགས་དེའི་ནང་དུ་བཞུགས་པའི་སྤྲུལ་སྐུ་ཨོ་དགའ་སྐུ་གཤེགས་པར་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་བཞག་ཡོད་འདུག

དེ་ཡང་ཨོ་གཞིས་ཕུན་ཚོགས་གླིང་གཞིས་གྲོང་༤ པའི་ཁང་ཨང་༡༣ ནང་བཞུགས་སྤྲུལ་སྐུ་བསམ་གཏན་ངེས་དོན་ནམ། སྤྲུལ་སྐུ་ཨོ་དགའ་ཕྱི་ལོ་༢༠༡༧ ཟླ་༩ ཚེས་༡༤ ཉིན་སྐུ་གཤེགས་པའི་ཡིད་སྐྱོའི་གནས་སུ་གྱུར་ཡོད་པ་དང་། དམ་པ་ཁོང་ནི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་གཏེར་སྟོན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་གི་སྐུ་མཆེད་ཡིན་པ་དང་། རི་པ་བླ་བྲང་ནི་ཨོ་ཌི་ཤ་ཕུན་ཚོགས་གཞིས་ཆགས་ནང་ཉམ་ཐག་རྣམས་ལ་གཟིགས་སྐྱོང་དང་སློབ་ཕྲུག་རྣམས་ལ་ཤེས་ཡོན་རོགས་རམ། གཞིས་མི་རྣམས་ལ་འཐུང་ཆུ་དང་བགྲོད་ལམ་གྱི་ལས་གཞི་བཅས་བཀའ་དྲིན་བསྐྱངས་དང་སྐྱོང་མུས་ཡིན་པས། ཞིང་གཤེགས་དམ་པ་སྤྲུལ་སྐུ་བསམ་གཏན་ངེས་དོན་ཆེད་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག ཨོ་ཌི་ཤ་གཞིས་ཆགས་ས་གནས་འཐུས་ཚོགས་སྐབས་དགུ་པའི་ཚོགས་ཐེངས་དང་པོའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་བྱས་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 292

Leave a Reply