ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འོས་བསྡུར་བོད་མི་མཉམ་ཞུགས་བྱ་རྒྱུ།

ཕྱི་ལོ་༢༠༡༧ ལོའི་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འོས་བསྡུའི་ནང་། བོད་མི་མང་པོ་ཞིག་གིས་ཐེངས་དང་པོར་འོས་ཤོག་འཕེན་རྒྱུ་ཡིན་པ་རེད་འདུག

ཟླ་༩ པའི་ཚེས་༣༠ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༧ ལོའི་ལོ་མཇུག་ཏུ་གཏན་འཁེལ་བའི་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འོས་བསྡུའི་ནང་། ཐེངས་དང་པོར་བོད་མི་༡༤༠༠ ལྷག་གིས་འོས་འཕེན་རྒྱུ་ཡིན་པ་རེད་འདུག  དེ་ཡང་ཕྱི་ལོ་༢༠༡༤ ལོར་རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་ཆ་རྐྱེན་ཚང་བའི་བོད་མི་རྣམས་ལ་རྒྱ་གར་གྱི་འོས་བསྡུ་ནང་འོས་ཤོག་འཕེན་པའི་ཐོབ་ཐང་སྤྲད་ནས་བཟུང་། ཧི་མ་ཅཱལ་མངའ་སྡེའི་ནང་ཡོད་པའི་བོད་མི་ཚོས་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་དང་། དེ་བཞིན་གྲོང་སྡེའི་ལས་ཁུངས་སམ་ས་གནས་གྲོས་ཚོགས་འོས་བསྡུ་ལ་འོས་འཕངས་ཡོད་པ་རེད་དེ། མངའ་སྡེའི་གྲོས་ཚོགས་འོས་བསྡུར་ཐེངས་དང་པོར་མཉམ་ཞུགས་བྱ་རྒྱུ་ཡིན་པ་རེད།

རྒྱ་གར་གྱི་འབྲེལ་ཡོད་ལས་བྱེད་ཅིག་གིས་བརྗོད་པ་ལྟར་ན། ཐེངས་འདིའི་འོས་བསྡུའི་ནང་འོས་ཤོག་འཕེན་ཆེད་གསར་དུ་ཐོ་འགོད་བྱེད་མཁན་བོད་མི་༣༠༠ ཙམ་བྱུང་ཡོད་འདུག་པ་དང་། ཁྱོན་བསྡོམས་པས་མངའ་སྡེའི་ནང་བོད་མི་འོས་འཕེན་པ་༡༤༠༠ ཙམ་ཡོད་པའི་ཁུངས་ནས། དྷ་ས་ཁུལ་ནས་༢༡༧ དང་སྦིར་ཁུལ་ནས་༡༠༤༧ ཙམ་ཡོད་འདུག

རྒྱ་གར་ནང་མངའ་སྡེ་མང་པོ་ཞིག་གི་གྲོས་ཚོགས་འོས་བསྡུར། རྒྱ་གར་དབུས་གཞུང་འཛིན་སྲིད་དོན་ཚོགས་པ་བྷི་ཇེ་བྷི་ཡིས་རྒྱལ་ཁ་བླངས་ཡོད་པ་དང་། ཐེངས་འདིར་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འོས་བསྡུར་སྲིད་དོན་ཚོགས་པ་ཆེ་ཤོས་ཀོང་རེ་སི་དང་བྷི་ཇེ་བྷི་བར་འོས་འགྲན་གཙོ་བོ་བྱ་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 334

Leave a Reply