ཧོང་ཀོང་མང་གཙོ་དོན་གཉེར་བ་ཞིག་ཐེ་ལན་ཌིར་བཀག་ཉར།

ཧོང་ཀོང་གི་ཉི་གདུགས་ཀྱི་མང་གཙོའི་ལས་འགུལ་ཆེན་མོའི་འགོ་ཁྲིད་ཇོ་ཤེ་ཝ་ཝོང་། རྒྱ་གཞུང་གིས་རེ་སྐུལ་ལྟར་ཐེ་ལན་ཌིའི་གནམ་ཐང་དུ་བཀག་ཉར་བྱས་པའི་གནས་ཚུལ་ཐོན་འདུག

14556066_1274184905938709_1307925131_nདེ་ཡང་ཟླ་འདིའི་ཚེས་༥ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་ཇོ་ཤེ་ཝ་ཝོང་། ཐེ་ལེན་ཌིའི་གཙུག་ལག་སློབ་གཉེར་ཁང་གི་གདན་ཞུ་ལྟར། ཕྱི་ལོ་༡༩༧༦ ལོའི་ཟླ་༡༠ པའི་ཚེས་༦ ཉིན་ཐེ་ལན་ཌིའི་དམག་མིས། མང་གཙོ་དོན་གཉེར་བ་སྡེབ་གསོད་བཏང་བའི་ཉིན་མོ་སྲུང་བརྩི་བྱེད་པའི་མཛད་སྒོ་ཞིག་ལ། ཁོང་གིས་ཧོང་ཀོང་ནང་མང་གཙོ་རྩོད་ལེན་བྱེད་པའི་སྐོར་གཏམ་བཤད་བྱེད་པར་སླེབས་ཡོད་འདུག་ཀྱང་། ཐེ་ལན་ཌིའི་གནམ་ཐང་དུ་བཀག་ཉར་བྱས་འདུག་པ་དང་། དེ་ཡང་ཁོང་སྣེ་ལེན་བྱེད་པར་སླེབས་པའི་ཐེ་ལན་ཌིའི་སློབ་མ་ཞིག་གིས་བརྗོད་པ་ལྟར་ན། ཐེ་ལན་ཌི་གཞུང་ལ་རྒྱ་ནག་གཞུང་ནས་ཇོ་ཤེ་ཝ་ཝོང་གི་འགྲུལ་བཞུད་སྐོར་ལ་ཡི་གེ་ཞིག་འབྱོར་ཡོད་འདུག ད་ལྟའི་ཆར་ཁོང་གནམ་ཐང་གི་བཀག་ཉར་ཁང་དུ་ཡོད་འདུག་པ་དང་། ཟླ་འདིའི་ཚེས་༥ ཉིན་ཧོང་ཀོང་ལ་ཕྱིར་ལོག་གཏོང་རྒྱུ་ཡིན་འདུག

རྒྱ་ནག་གཞུང་དང་ཐེ་ལན་ཌིའི་ཕྱི་སྲིད་ལས་ཁང་གིས་བཀག་ཉར་དེའི་སྐོར་ཤེས་རྟོགས་ཡོད་སྐོར་བརྗོད་འདུག་པ་ལས། རྒྱུ་མཚན་གང་ཡིན་གསལ་པོ་བཤད་མི་འདུག བཀག་ཉར་དེ་དང་འབྲེལ་ནས་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་མང་པོས། རྒྱ་ནག་གཞུང་དང་ཐེ་ལན་ཌའི་ཁོང་གི་སྨྲ་བརྗོད་རང་དབང་དང་། འགྲུལ་བཞུད་རང་དབང་སོགས་ལ་བཀག་འགོག་བྱས་པར་སྐྱོན་བརྗོད་བྱས་འདུག

དེང་གི་ཆར་ཐེ་ལན་ཌིའི་གཞུང་དེ་དམག་གི་སྒྲིག་འཛུགས་ཀྱིས་འཛིན་སྐྱོང་བྱེད་བཞིན་ཡོད་པས། རྒྱ་ནག་དམར་ཤོག་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། དེ་སྔོན་ཡུ་གུར་མི་རིགས་མང་པོ་ཞིག་ཐེ་ལན་ཌིར་སྐྱབས་བཅོལ་དུ་ཡོང་སྐབས། རྒྱ་གཞུང་གི་རེ་སྐུལ་ལྟར་སྐྱབས་བཅོལ་བ་ཚང་མ་ཕྱིར་སློག་བྱས་ནས། རྒྱལ་སྤྱིའི་ཐོག་ནས་བྱེད་ལས་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share on Facebook18Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 15

Leave a Reply