ཨ་མདོ་རྔ་བར་བོད་ཀྱི་རྒྱལ་དར་འཕྱར་བར་རྒྱ་ནག་གཞུང་གི་དམ་དྲག

དྲ་ལམ་ཁག་ཏུ་ཁྱབ་པའི་འདྲ་པར་ཞིག་གི་ནང་ཨ་མདོ་རྔ་བ་རུ་ཁང་པ་ཞིག་གི་མདུན་ངོས་སུ་བོད་རྒྱལ་དར་ཞིག་དཔྱང་ཡོད་ཅིང་། ས་ཁུལ་དེར་རྒྱ་གཞུང་གིས་དམ་དྲག་ཆེན་པོ་ཡོད་པ་གསལ་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༢ ཉིན་བོད་ཨ་མདོ་རྔ་བ་རུ་ཁང་པ་ཞིག་གི་ཐོག་ཁ་ནས་ཐག་པ་ཕྲ་མོ་གཅིག་ལ་བོད་རྒྱལ་དར་བཏགས་ཏེ། ཁང་པའི་མདུན་ཕྱོགས་སུ་ཡོད་པའི་སྲང་ལམ་གྱི་ངོས་སུ་ཐུར་དུ་དཔྱང་ཡོད་ཅིང་། ས་ཁུལ་དེར་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག
བོད་ཀྱི་ས་ཁུལ་ཁག་ནས་ད་བར་རང་སྲེག་རྒྱ་རྒོལ་བྱེད་མཁན་ཆེས་མང་ཤོས་ཨ་མདོ་རྔ་བ་ནས་བྱུང་ཡོད་སྟབས་ནམ་རྒྱུན་ནས་རྒྱ་ནག་གཞུང་གིས་ས་ཁུལ་དེར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་ཀྱང་། བཀག་སྡོམ་བྱེད་བཞིན་པའི་བོད་རྒྱལ་དར་ཞིག་དཔྱང་ཡོད་པ་དེ་ནི་རྒྱ་ནག་གཞུང་གི་དྲག་གནོན་ལ་ངོ་རྒོལ་གྱི་བརྡ་ལན་ཞིག་ཡིན་སྐོར་འདུག
ཉེ་ཆར་ཁུལ་དེར་སྲོལ་རྒྱུན་རིག་གནས་ཀྱི་དུས་ཆེན་ཞིག་འཚོགས་ཡོད་སྟབས་རྒྱ་ནག་གཞུང་གིས་སྔ་ས་ནས་དམ་དྲག་ཆེན་པོ་བྱེད་འགོ་བཙུགས་ཟིན་ཡོད་འདུག་པ་མ་ཟད།  ཕྱི་ལོ་༢༠༠༨ ལོར་ཞི་རྒོལ་བྱས་ནས་བཟུང་ད་བར་ཨ་མདོ་རྔ་བ་རུ་དུས་ཆེན་དེ་གཏན་ནས་འཚོགས་བཅུག་མེད་འདུག དུས་ཆེན་དེའི་གླུ་གཞས་དགོང་ཚོགས་ཐོག་ཉུང་མཐར་བོད་པའི་གཞས་པ་གྲགས་ཅན་གཉིས་འཛུལ་ཞུགས་བྱེད་བཅུག་མེད་པ་དང་། དེ་གཉིས་ལས་གཅིག་ཉེ་ཆར་བཙོན་གྲོལ་ཐོབ་པ་ཞིག་ཡིན་སྐོར་འདུག གླུ་པ་དེ་དག་གླུ་གཞས་དགོང་ཚོགས་ཐོག་འཛུལ་ཞུགས་བྱས་མ་འཇུག་པའི་རྒྱུ་མཚན་ནི། དེ་སྔོན་༧གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་གྱི་གླུ་དབྱངས་བླངས་ཡོད་པས་ཡིན་སྐོར་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 287

Leave a Reply