ཨ་རིར་བོད་པའི་གཞོན་སྐྱེས་ཤིག་བསད་པ་དང་འབྲེལ་ནས་དོགས་ཡོད་གཞོན་སྐྱེས་ཤིག་འཛིན་བཟུང་།

ཨ་རི་ནས་བོད་པའི་གཞོན་སྐྱེས་རང་ལོ་༡༦ ཡིན་པའི་བསྟན་འཛིན་ཀུན་མཁྱེན་དམར་གསོད་བཏང་ཡོད་པའི་གནས་ཚུལ་དང་འབྲེལ་ནས། ལོ་༡༧ ཡིན་པའི་གཞོན་སྐྱེས་ཤིག་འཛིན་བཟུང་བྱས་འདུག་པ་དང་། ཁོ་དང་མཉམ་དུ་མི་གཞན་ཞིག་ཀྱང་འཛིན་བཟུང་བྱས་ཡོད་པ་རེད་འདུག

ཟླ་༨ པའི་ཚེས་༢༩ ཡི་ཉིན་རྒྱབ་ཏུ་ཨ་རིའི་མཱ་ས་ཆུ་སེ་ཏི་མངའ་སྡེའི་གྲོང་ཁྱེར་སཱོ་མེར་ཝེལ་གྱི་ས་གནས་14 Farragut Aveཡི་ཁང་པ་ཞིག་གི་ནང་དུ། བོད་པའི་བུ་རང་ལོ་༡༦ ལས་མ་སོན་ཞིང་སཱོ་མེར་ཝེལ་གྱི་སློབ་གྲྭའི་ནང་སློབ་སྦྱོང་བྱེད་བཞིན་པ་བསྟན་འཛིན་ཀུན་མཁྱེན་གྱི་བྲང་ཁར་མེ་མདའ་བརྒྱབས་ཡོད་པ་དང་།གནས་ཚུལ་དེ་ཤེས་རྟོག་བྱུང་རྗེས་མཱོན་ཊི་ཨུ་བྷུམ་སྨན་ཁང་ཞེས་པར་འཁྱེར་ཡོད་འདུག་ཀྱང་གསོན་མ་ཐུབ་པར་འདས་གྲོངས་སུ་སོང་ཡོད་པ་རེད།

ཟླ་༩ པའི་ཚེས་༥ ཉིན་ཨ་རིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉིན་དེར་རང་ལོ་༡༧ ལ་སོན་པའི་ཇོ་ནེ་ཐན་པེ་རི་ཞེས་པ་ཞིག་ས་གནས་ཨར་ལིང་ཊོན་གྱི་ཁང་པ་ཞིག་ནས་འཛིན་བཟུང་བྱས་ཡོད་

དུག་པ་དང་། ཁོ་ལ་དེ་སྔོན་ཕྲུ་གུའི་ཁྲིམས་ཁང་ཞིག་གིས་འཛིན་བཟུང་དགོས་པའི་བཀའ་རྒྱ་ཡང་བཏང་ཡོད་པ་རེད་འདུག དེ་དང་མཉམ་དུ་རང་ལོ་༣༡ ཡིན་པའི་སྐྱེས་པ་ཀི་ཐེ་ཧར་ལོ་ཞེས་པ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་འདུག ཁོ་ནི་དེ་སྔོན་སྨྱོ་རྫས་བདག་ཉར་བྱས་པ་དང་། འཛིན་བཟུང་ལ་འགོག་རྒོལ་བྱས་པ་སོགས་འཛིན་བཟུང་དགོས་པའི་བཀའ་རྒྱ་གསུམ་དང་འབྲེལ་ནས་འཛིན་བཟུང་བྱས་ཡོད་པ་རེད་འདུག

བསྟན་འཛིན་ཀུན་མཁྱེན་གྱི་ཕ་མ་གཉིས་རྒྱ་གར་ནས་ཨ་རིར་གནས་སྤོས་བྱས་ཡོད་འདུག་ཅིང་། འདས་པོ་ཁོང་སཱོ་མེར་ཝེལ་གྲོང་ཁྱེར་ནང་འཚར་ལོང་བྱུང་ཡོད་འདུག

དེ་སྔོན་བསྟན་འཛིན་ཀུན་མཁྱེན་བསད་པའི་གནས་ཚུལ་ལྷག་རྗེས། ཁོང་གི་སློབ་གྲོགས་དང་ངོ་ཤེས་ཚོས་ཁོང་ནི་བུ་ཡ་རབས་སྤྱོད་བཟང་ཞིག་ཡིན་སྐོར་བརྗོད་ཡོད་འདུག་ཅིང་། ནམ་རྒྱུན་ནས་དུག་རྫས་རིགས་དང་ཆང་རག་སོགས་མི་སྤྱོད་མཁན་ཞིག་ཡིན་སྐོར་འདུག

བྷོལ་སི་ཊོན་བོད་རིགས་ཚོགས་པ་ཞིག་གི་མགྲིན་ཚབ་པ་བསོད་ནམས་ཀྱིས། ཁོང་འདས་གྲོངས་སུ་སོང་ཡོད་སྟབས་ནང་མི་རྣམས་སེམས་ངལ་དུ་ལྷུང་ཡོད་པ་དང་། གནས་ཚུལ་དེ་འདྲ་བྱུང་ཡོང་བསམ་བསམ་མེད་དུས་གཉེན་ཉེ་རྣམས་ཧང་སང་ཡོད་སྐོར་བརྗོད་ཡོད་འདུག

གྲོང་སྡེའི་སྤྱི་ཁྱབ་པ་དང་མཱོལ་ཌེན་སློབ་གྲྭ་གཉིས་མཉམ་འབྲེལ་ཐོག་བསྒྲགས་གཏམ་ཞིག་སྤེལ་ནས། ཁོང་ཚོའི་སློབ་ཕྲུག་གི་ཚེ་སྲོག་ཤོར་བར་སེམས་སྐྱོ་པོ་བྱུང་སྐོར་དང་། ལྷག་པར་དུ་འདས་པོ་ཁོང་ཤིན་ཏུ་ལོ་གཞོན་ཞིག་ཡིན་སྟབས་སེམས་ལ་ན་ཟུག་དྲག་པོ་བྱུང་སྐོར་བཅས་བརྗོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 485

Leave a Reply