ཨི་རན་དང་བྱང་ཀོ་རི་ཡས་ཨ་རིའི་ཐེ་ཇུས་ལ་སྐྱོན་བརྗོད་བྱས་འདུག

ཨ་རི་དང་འབྲེལ་ལམ་ཡག་པོ་མེད་མཁན་གྱི་རྒྱལ་ཁབ་ཨི་རན་དང་བྱང་ཀོ་རི་ཡ་གཉིས་ཀྱིས། ཕྱོགས་གཉིས་ཀྱི་དཔལ་འབྱོར་སོགས་ཀྱི་འབྲེལ་ལམ་ཡག་ཏུ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༢༠ ཉིན་རྒྱ་གར་བང་ཆེན་གྱི་ཚགས་ཤོག་སྟེང་གནས་ཚུལ་འཁོད་གསལ་ལྟར་ན། ཨི་རན་དང་བྱང་ཀོ་རི་ཡ་གཉིས་ཀྱིས་གཞུང་འབྲེལ་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་ཅིང་། ཨི་རན་གྲོས་ཚོགས་ཀྱི་གསར་འགྱུར་བརྒྱུད་ལམ་གྱིས་གྲོས་ཚོགས་ཀྱི་ཚོགས་གཙོ་ཨ་ལི་ལ་རི་ཇ་ནི་ཡིས་ང་ཚོ་ག་དུས་ཡིན་རུང་བྱང་ཀོ་རི་ཡ་དང་ལྷན་དུ་འབྲེལ་བ་བརྟན་པོ་བཟོ་ཐབས་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག  དེ་ཡང་ཁོང་གིས་བྱང་ཀོ་རི་ཡའི་ཆེས་མཐོའི་མི་མང་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་བྷོག་གི་སྐོར་བསྐྱོད་སྐབས་སྐད་ཆ་འདི་བཤད་ཡོད་འདུག ཐེ་བྷོག་གིས་བྱང་ཀོ་རི་ཡས་ཨི་རན་དང་འབྲེལ་ལམ་ཡག་ཏུ་གཏོང་ཐབས་ལ་འབད་བཞིན་ཡོད་སྐོར་ལན་འདེབས་དང་སྦྲགས། ཨི་རན་གྱི་དཔལ་འབྱོར་དང་བདེ་འཇགས་སྲུང་སྐྱོབ་གཉིས་ཀྱི་ཡར་རྒྱས་ལ་བསྟོད་བསྔགས་བྱས་ཡོད་འདུག

གནས་ཚུལ་དེའི་ནང་རྒྱལ་ཁབ་གཉིས་ཀྱི་གཞུང་འབྲེལ་མི་སྣ་དེ་གཉིས་ཀྱིས་ཨ་རིར་རང་བཙན་གྱི་རྒྱལ་ཁབ་ཁག་ནང་ཐེ་ཇུས་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་ཡོད་འདུག

བྱང་ཀོ་རི་ཡའི་ཆེས་མཐོའི་མི་མང་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་བྷོ་ནི། ཨི་རན་ནང་དུ་པེ་ལི་སི་ཐན་ལ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ལ་མཉམ་ཞུགས་བྱེད་པར་སླེབས་ཡོད་འདུག །

གསར་འགོད་སྦྱོང་བརྡར་བ་ཀུན་དགའ་ཆོས་ལྡན།

 

Share on Facebook7Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 132

Leave a Reply