ཨུ་རུ་སུར་བུ་མོ་རྒྱགས་པའི་མཛེས་མ་འགྲན་སྡུར།

ཟླ་འདིའི་ཚེས༡༣ ཉིན་རུ་ཀྲར་གསར་ཁང་གི་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་ནང་དུ་བུ་མོ་རྒྱགས་པ་རྣམས་ཀྱི་ཆེད་དུ་རྒྱལ་ཡོངས་མཛེས་མ་འགྲན་བསྡུར་ཞིག་གོ་སྒྲིག་བྱས་ཡོད་འདུག

མཛེས་མ་འགྲན་སྡུར་ཐེངས་དང་པོ་དེ་ལོ་སྔོན་མར་འཚོགས་ཡོད་པ་དང་། ད་ལོ་མཛེས་མ་འགྲན་སྡུར་ཐེངས་གཉིས་པ་དེའི་ཐད་མཉམ་ཞུགས་བྱེད་མཁན་ཚོས་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད། གྱོན་གོས་དཔེ་སྟོན་པའི་འབྲེལ་མཐུད་ཚོགས་པ་སིབ་ པུ་ལ་ཞེས་པས་མཛེས་མ་འགྲན་སྡུར་དེ་གོ་སྒྲིག་བྱས་ཡོད་པ་དང་། ཨུ་རུ་སུའི་གྲོང་ཁྱེར་ཁེ་ར་སོ་ནོ་ཡག་སི་ཞེས་པའི་ནང་དུ་བུ་མོ་རྒྱགས་པའི་མཛེས་མ་འགྲན་སྡུར་ནང་ཞུགས་མཁན་ཚོས་འཁྲུག་ཆ་དོད་པའི་འགྲན་སྡུར་གྲ་སྒྲིག་ཨང་གསར་བྱེད་བཞིན་ཡོད་འདུག ཁོང་ཚོའི་འགྲན་སྡུར་ནང་ཞབས་བྲོ་དང་རྐྱལ་གོས་གྱོན་པའི་གཟུགས་བྱད་འགྲན་བསྡུར། སྒེག་ཉམས་གོམ་འགྲོས། དེ་བཞིན་ཞབས་བྲོ་དང་དྲག་རྩལ་གྱི་སྦྱོང་བརྡར་བྱེད་བཞིན་ཡོད་འདུག
སྐབས་དང་པོའི་བུ་མོ་རྒྱགས་པའི་མཛེས་མ་འགྲན་སྡུར་ནང་གི་ཨང་རིམ་དང་པོ་ཐོབ་མཁན་སྲས་མོ་ཨོལ་གྷ་ཨོ་ཡིས་བརྗོད་དོན། ང་ཚོས་ད་ལྟའི་དར་ཁྱབ་ཆེ་བའི་ཆེས་ཚད་ལྡན་གྱི་འགྲན་རྩོད་ཁག་ལ་ཁ་གཏད་ཅོག་རྒྱུ་མ་ཡིན་པར་ང་ཚོ་ཡང་གཞན་གྱིས་མཛེས་མར་མཐོང་ན་བསམ་གྱི་ཡོད་ཅེས་བརྗོད་འདུག སྔོན་མ་འགྲན་སྡུར་ནང་པི་ལྦང་དཀྲོལ་མཁན་གྱི་ལྕམ་ཨེ་ལེག་སེན་རྡ་རས་བརྗོད་དོན། འགྲན་སྡུར་དེའི་ནང་དུ་ཞུགས་ནས་རང་ཉིད་ཀྱི་གདེངས་ཚོད་ཤུགས་ཆེ་རུ་སོང་ཡོད་པ་མ་ཟད། རང་ཉིད་ཀྱིས་སོ་སོར་སྐུལ་ལྕགས་གཏོང་རྒྱུར་ཧ་ཅང་གི་ཕན་ཐོགས་བྱུང་སོང། རིམ་བཞིན་རང་ཉིད་ཕྲུ་གུའི་ཨ་མ་གྱུར་བའི་རྗེས་སུ་རང་ཉིད་གཟུགས་བྱད་ལ་དོ་སྣང་དེ་ཙམ་མ་བྱུང་བའི་ལུས་ཤ་རྒྱས་ཏེ་གཟུགས་པོ་གཞན་ལ་སྟོན་རྒྱུ་འཚེར་སྣང་སྐྱེས་དགོས་པ་ཞིག་ཆགས་སོང་། འོན་ཀྱང། འགྲན་སྡུར་དེའི་རྗེས་སུ་ཞེད་སྣང་དང་འཚེར་སྣང་དེ་ཚོ་ཡལ་སོང་ཞེས་བརྗོད་འདུག །
གསར་འགོད་སྦྱོང་བརྡར་བ་ཐུབ་བསྟན་རྒྱལ་མཚན།

 

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 191

Leave a Reply