གཞོན་ལྷན་གྱི་ལས་འགུལ་བ་རྒྱ་གར་ཉེན་རྟོག་པས་བཀག་ཉར།

ཟླ་འདིའི་ཚེས་༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་ཐེངས་༥༨ པའི་དུས་དྲན་སྲུང་བརྩི་དང་། རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པར་བརྟེན། ལྡི་ལིར་གཞོན་ལྷན་གྱི་གོ་སྒྲིག་འོག རྒྱ་ནག་གཞུང་ཚབ་ཏུ་ངོ་རྒོལ་བྱེད་མཁན་༡༥༠ ལྷག་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་ཡོད་པ་རེད།

ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་གཙོ་བོ་ནི་གཞིས་བཞུགས་བོད་མི་རྣམས་ལ་ཆོས་དད་དང།  སྨྲ་བརྗོད།    འགྲོ་འོང་།   སྐད་ཡིག་དང་རིག་གཞུང་སོགས་ཀྱི་རང་དབང་ཁག་ལ་དམ་དྲག་བྱེད་གཞིན་པ་དེར་ངོ་རྒོལ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་གཞི་རྩའི་རང་དབང་སྤྲོད་དགོས་པ་དང་རྒྱལ་སྤྱིའི་ངོས་ནས་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་དགོས་སྐོར་སོགས་བརྗོད་ཡོད་འདུག

དེ་བཞིན་ལྡི་ལིའི་བོད་མིའི་གཞིས་སྒར་བསམ་ཡས་གླིང་དུ་གཞུང་འབྲེལ་གྱི་གསུམ་བཅུའི་དུས་དྲན་སྲུང་ཐེངས་༥༨ པ་སྲུང་བརྩི་བྱས་པ་དང་།  མི་མང་གིས་རྔམ་སྟོན་ཁྲོམ་སྐོར་ཡང་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||