གསེར་རྟ་བླ་རུང་སྒར་གཏོར་བཤིག་ལ་ངོ་རྒོལ་ལས་འགུལ།

རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་བྷེང་ལོར་དུ། བོད་པའི་གཞོན་སྐྱེས་གསུམ་གྱིས་བོད་ཁྱིམ་སྡོད་ཁང་ནས་མི་མང་འདུ་འཛོམས་བྱེད་ཡུལ་གཙོ་བོ་དང་ཉོ་ཚོང་ལྟེ་གནས་ Brigade Road བར་དུ་བརྐྱངས་ཕྱག་འཚལ་ནས། གསེར་རྟ་བླ་རུང་སྒར་གཏོར་བཤིག་མཚམས་འཇོག་དགོས་པར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག

13918566_1219596911397509_2062282196_oཕྱི་ཟླ་༧ ཚེས་༣༡ ཉིན་བྷེང་ལོར་མཐོ་སློབ་ཏུ་བསྐྱོད་བཞིན་པའི་བོད་པའི་སློབ་མ་འཇིགས་མེད་འོད་ཟེར་དང་ལུང་རིགས་རྡོ་རྗེ། དེ་བཞིན་རྒྱ་གར་སྐྲན་ནད་རོགས་ཚོགས་ཀྱི་ལས་འཆར་བཀོད་སྒྲིག་པ་དང་བོད་པའི་སྐྲན་ནད་ཚོགས་པ་འགོ་འཛུགས་བྱེད་མཁན་ཚུལ་ཁྲིམས་རྡོ་རྗེ་གསུམ་གྱིས། བྷེང་ལོར་བོད་ཁྱིམ་སྡོད་ཁང་ནས་Brigade Road བར་དུ་བརྐྱངས་ཕྱག་གི་ལས་འགུལ་ཞིག་བརྩམས་ཡོད་པ་དང་། དེ་ཡང་རྒྱ་ནག་གཞུང་གིས་ཁམས་དཀར་མཛེས་ཁུལ། གསེར་རྟ་རྫོང་བླ་རུང་སྒར་གཏོར་བཤིག་མཚམས་འཇོག་ཡོང་ཆེད་དུ། བོད་ཀྱི་ཆོལ་ཁ་གསུམ་མཚོན་པའི་ཁོང་གསུམ་གྱིས་ཀི་ལོ་མི་ཊར་༡༠ ཙམ་གྱི་བར་ཐག་བར་བརྐྱངས་ཕྱག་འཚལ་ཡོད་པ་དང་། ཁོང་གསུམ་དང་མཉམ་དུ་ཡོང་མཁན་ལས་འགུལ་པ་གསུམ་གྱིས་བླ་རུང་སྒར་གྱི་གཏོར་བཤིགས་དང་འབྲེལ་བའི་ཡིག་ཆ་བཀྲམ་པ་དང་། མི་རྣམས་ལ་ལས་འགུལ་དང་འབྲེལ་བའི་འགྲེལ་བཤད་རྒྱག་པ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

13646998_1219597251397475_847696656_oགསར་འགོད་པས་ལས་འགུལ་དེ་གོ་སྒྲིག་བྱེད་མཁན་ཚུལ་ཁྲིམས་རྡོ་རྗེ་ལ་འབྲེལ་བ་བྱས་པས། ཁོང་གིས། ལས་འགུལ་དེ་ཞོགས་པ་ཆུ་ཚོད་༡༠དང་སྐར་མ་༤༥ ཙམ་ནས་ཕྱི་དྲོ་ཆུ་ཚོད་༤ བར་སྤེལ་ཡོད་པ་དང་། དཀའ་ངལ་ཆེ་ཤོས་ནི་རྒྱུན་རིང་བརྐྱངས་ཕྱག་འཚལ་ནས་འགྲོ་དུས། མགོ་ན་ཡི་ཡོད་པ་ལས། དེ་མིན་དཀའ་ངལ་གཞན་འཕྲད་མེད་སྐོར་དང་། ཁོ་ཚོས་རྒྱ་གར་གྱི་གསར་ཤོག་ཁག་ཅིག་དང་འབྲེལ་བ་བྱས་ཡོད་ཀྱང་། རེས་གཟའ་ཉི་མ་ཡིན་པས། གསར་འགོད་པ་སླེབས་མེད་པ་རེད་འདུག ཁོང་གིས་བརྗོད་པ་ལྟར་ན། བརྐྱངས་ཕྱག་གི་ལས་འགུལ་དེ་བྷེང་ལོར་དུ་ཐེངས་དང་པོ་སྤེལ་བ་ཡིན་པས། མི་མང་པོ་ཞིག་གིས་ཁོང་ཚོ་སློང་རྒྱག་གི་ཡོད་པའམ་ཉེས་པ་བཏང་བ་རེད་བསམ་མཁན་འདུག་པས། དེ་དག་ལ་ལས་འགུལ་བ་གཞན་གསུམ་གྱིས་ལས་འགུལ་གྱི་སྐོར་ལ་འགྲེལ་བཤད་བརྒྱབ་ཐུབ་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་བྱེད་བཞིན་ཡོད་འདུག

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||