ཞི་ཅིན་ཕིང་ལ་ངོ་རྒོལ་བ་བོད་མི་རྒྱ་གར་ཉེན་རྟོག་པས་བཀག་ཉར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་འོག ལྡི་ལི་རྒྱ་ནག་གཞུང་ཚབ་མདུན་དུ་ཞི་ཅིན་ཕིང་ལ་ངོ་རྒོལ་བྱས་པར་བརྟེན། ལས་འགུལ་བ་བརྒྱ་ལྷག་ཅིག་རྒྱ་གར་གྱི་ཉེན་རྟོག་པས་བཀག་ཉར་བྱས་ཡོད་པ་རེད།

14731301_1133879070064104_6363993930535284337_n
T Y C

དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་དུ་བྷེ་རིག་སེ་ལྷན་ཚོགས་ཆེད་དུ་འབྱོར་གྱི་ཡོད་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་འོག ཚོགས་མི་དང་མཐོ་སློབ་བསྐྱོད་བཞིན་སློབ་མ་བཅས་ཀྱིས་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་དུ། རྒྱ་དམར་གྱིས་བོད་ལ་ཁྲིམས་འགལ་དབང་བསྒྱུར་བྱས་པར་ངོ་རྒོལ་དང་། སེར་རྟ་བླ་རུང་སྒར་གྱི་དགོན་པ་གཏོར་བཞིན་པ་འཕྲལ་དུ་མཚམས་འཇོགས་དགོས་པའི་དགོས་འདུན་བཏོན་པ་དང་། རྒྱ་ནག་བོད་དེ་ཁྲིམས་འགལ་དབང་སྒྱུར་བྱེད་རྒྱུ་མཚམས་འཇོག་དགོས། རྒྱ་ནག་བླ་རུང་སྒར་གཏོར་བཤིག་མཚམས་འཇོག་གྱིས། བོད་ནང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་མཚམས་འཇོག་གྱིས། བོད་དང་རྒྱ་ནག་ཐ་དད་ཡིན་ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

སྐབས་དེར་རྒྱ་གར་གྱི་ཉེན་རྟོག་པས་གཞོན་ལྷན་དབུས་རྒྱུན་ཚེ་དབང་སྒྲོལ་མ་དང་བཀྲ་ཤིས་དར་རྒྱས། ལྡི་ལི་ས་གནས་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་ཆོས་དར་སོགས་མི་༡༠༠ ལྷག་ཅིག་བཀག་ཉར་བྱས་འདུག

14686112_10211066729088246_1476140566_nཟླ་འདིའི་ཚེས་༡༥ ནས་༡༦ བར་རྒྱ་གར་གྷོ་ཝར། རྒྱ་གར་དང་རྒྱ་ནག ཨུ་རུ་སུ། བྷེ་ར་ཛེལ། ལྷོ་ཨ་ཕེ་རི་ཀ་བཅས་ཀྱི་རྒྱལ་ཁབ་ཁག་ལྔ་ཡི་འགོ་ཁྲིད་བར་ལྷན་ཚོགས་ཚོགས་ཀྱི་ཡོད་པ་རེད།

དེ་དང་འབྲེལ་ནས་ས་གནས་ཉེན་རྟོག་པས། བོད་མིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་བྱེད་སྲིད་པའི་དོགས་གཞིའི་འོག དམ་དྲག་བྱེད་བཞིན་འདུག་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཞི་བའི་སྐད་འབོད་བྱེད་པའི་ཆོག་མཆན་སྤྲད་མེད་པ་རེད། གྷོ་ཝར་བོད་མི་ཁག་ཅིག་བཀག་ཉར་བྱས་པའི་གནས་ཚུལ་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་འདུག

དེ་བཞིན་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས། ཟླ་འདིའི་ཚེས་༡༣ ཉིན་གྱི་དགོང་མོར་གྷོ་ཝའི་ལམ་གཞུང་དཀྱིལ་གྱི་གློག་སྡོང་ཐོག་ཏུ་དཔྱངས་བའི་ཞི་ཅིན་ཕིང་གི་པར་ལ། སྣག་ཚ་གཏོར་བའི་ལས་འགུལ་དང་། ས་གནས་དེར་ཞི་ཅིན་ཕིང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
1ལས་འགུལ་གྱི་བརྙན།

2བརྙན།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||