ས་ཡོམ་ཁྲོད་གྲོང་སྡེ་ཕྱེད་ཀ་མེད་པ་ཆགས་པ།

ཡུ་རོབ་ཨི་ཊ་ལི་རྒྱལ་ཁབ་ལ་ས་ཡོམ་ཤུགས་ཚད་རིམ་པ་༦.༢ དང་གཏིང་ཚད་ཀི་ལོ་མི་ཊར་༡༠ ཅན་ཞིག་བརྒྱབ་ནས། ད་ལྟའི་ཆར་ཉུང་མཐར་ལ་མི་༢༡ ཤི་བ་ཤེས་རྟོགས་བྱུང་ཡོད་འདུག

_90894909_mediaitem90894908ཟླ་འདིའི་ཚེས་༢༤ ཉིན་གྱི་ཞོགས་པར་ཨི་ཊ་ལིའི་གྲོང་ཁྱེར་པེ་རུ་གྷེཡ་ནས་རྒྱང་ཐག་ཀི་ལོ་མི་ཊར་༧༦ ཡོད་པའི་ནོར་སིཡ་གྲོང་སྡེར་ས་ཡོམ་བརྒྱབ་འདུག་པ་དང་། དེ་རྗེས་བསྐྱར་དུ་ས་ཡོམ་(aftershock)ཐེངས་ཁ་ཤས་བརྒྱབ་པ་དང་། ཉེ་འཁོར་གྱི་གྲོང་སྡེ་ཁ་ཤས་ནང་ལ་ཁང་པ་ཐོགས་བརྩེགས་བརྡིབས་པའི་གནས་ཚུལ་ཐོན་ཡོད་འདུག

ཨ་མཱ་ཀྲེ་རི་སེ་(Amatrice)གྲོང་སྡེའི་སྤྱི་ཁྱབ་པས་ཨི་ཊ་ལིའི་རླུང་འཕྲིན་ཁང་ལ་གྲོང་སྡེ་ཕྱེད་ཀ་ལྷག་མེད་པ་ཆགས་ཡོད་པ་དང་། གྲོང་སྡེའི་འགྲུལ་ལམ་ཚང་མ་འགག་ཡོད་པ། མི་མང་པོ་ཞིག་ཁང་པའི་རྡིབ་གྱང་འོག་ལ་ལྷགས་ཡོད་སྐོར་བརྗོད་འདུག ད་ལྟའི་ཆར་ས་ཡོམ་རྒྱག་ཡུལ་གྱི་གྲོང་སྡེ་ཁག་ལས་ཁྱོན་སྡོམས་པའི་ཉུང་མཐར་མི་༢༡ ཤི་པའི་གནས་ཚུལ་ཐོན་འདུག་ཀྱང་། མི་མང་པོ་ཞིག་ཁང་པའི་རྡིབས་པའི་འོག་ལ་ལྷག་ཡོད་འདུག་པས། ཤི་སྐྱོན་གྱི་གྲངས་ཚད་གསལ་པོ་ཤེས་ཁག་པོ་ཡིན་འདུག

ཕྱི་ལོ་༢༠༠༩ ལོར་ས་ཡོམ་༦.༣ ཅན་ཞིག་བརྒྱབ་ནས་ཨི་ཊ་ལིའི་ཨི་ཁེའུ་ལའི་(Aquila) ས་ཁུལ་ལ་མི་༣༠༠ ལས་མང་བ་ཤི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||