སྣར་ཐང་པར་ཁང་གི་པར་སྐྲུན་འཕྲུལ་ཆས་གསར་པ་དབུ་འབྱེད།

ཟླ་འདིའི་ཕྱི་ཚེས་༡༤ཉིན་སྲིད་སྐྱོང་བློ་བཟང་སེང་གེས་ཧིན་སྒོར་འབུམ་༡༠༥ཡི་རིན་གོང་ཅན་གྱི་སྣར་ཐང་པར་ཁང་གི་པར་སྐྲུན་འཕྲུལ་ཆས་གསར་པ་(Delta- 664)ཞིག་དབུ་འབྱེད་གནང་སོང་།

14686483_2532758407833_1211558074_nདབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་གིས་གསུང་དོན་དུ། ཕྱི་ལོ་༢༠,༠༠ལོར་ཉོས་པའི་སྣར་ཐང་པར་ཁང་གི་པར་སྐྲུན་འཕྲུལ་ཆས་རྙིང་པའི་ནང་། ཚོན་ཁྲ་མི་འདྲ་བ་ཡོད་པའི་ཤོས་ངོས་རེ་རེ་ལའང་པར་སྐྲུན་ཐེངས་བཞི་རེ་བྱེད་དགོས་ཀྱི་ཡོད་རུང་། ད་ཐེངས་ཀྱི་པར་སྐྲུན་འཕྲུལ་ཆས་གསར་པ་འདིའི་ནང་ལ་ཚོན་ཁྲ་མི་འདྲ་བ་བཞི་དུས་གཅིག་ལ་པར་སྐྲུན་བྱེད་ཐུབ་པ་དང་། དེ་བཞིན། འཕྲུལ་ཆས་རྙིང་པ་དང་མི་འདྲ་བར་དེབ་སོགས་ཀྱི་རིགས་ག་རེ་ཡིན་རུང་ཆུ་ཚོད་གཅིག་ནང་ཉུང་མཐར་ཤོག་ངོས་སྟོང་ཕྲག་ལྔ་དང་། མང་མཐའ་སྟོང་ཕྲག་བརྒྱད་པར་སྐྲུན་བྱེད་ཐུབ་ཀྱི་ཡོད་པས་ལས་འབོར་ཤུགས་ཆེན་པོ་ཞིག་དུས་ཡུན་ཐུང་ནང་བྱེད་ཐུབ་པའི་དགེ་མཚན་ཡོད་རེད་ཅེས་བརྗོད་སོང་ལ།

ཡང་ཁོང་གིས་“བཀའ་ཤག་གི་རེ་བར་མ་འོངས་པར་འཛིན་སྐྱོང་ནང་ལ་དེབ་དང་། ཚགས་ཤོག་སོགས་ག་རེ་པར་སྐྲུན་བྱེད་དགོས་ནའང་སྣར་ཐང་པར་ཁང་རང་ནས་གནང་ཐུབ་པའི་རེ་བ་ཞུ་ཡི་ཡོད་”ཅེས་གསུངས་སོང་།

སྣར་ཐང་པར་ཁང་གི་འགན་འཛིན་རྗོ་རྗེས་འགྲེལ་བརྗོད་གནང་བ་ལྟར་ན། ད་བར་སྣར་ཐང་པར་ཁང་བརྒྱུད་ཤེས་བྱ་དུས་དེབ་དང། བོད་མིའི་རང་དབང་སོགས་དྲིལ་བསྒྲགས་ལས་ཁུངས་ཀྱིས་བཏོན་པའི་དུས་དེབ་དང་། དེབ། དེ་བཞིན་ལྷན་ཁང་ཁག་གི་བྱུང་འཛིན་བཅས་པར་སྐྲུན་བྱེད་ཀྱི་ཡོད་པ་དང་། མ་འོངས་པར་ཤེས་རིག་ལས་ཁུངས་ཀྱི་ཀློག་དེབ་རྣམས་སྣར་ཐང་པར་ཁང་བརྒྱུད་པར་སྐྲུན་བྱེད་ཐབས་བྱེད་ཀྱི་ཡོད་འདུག འོན་ཀྱང་། གཞུང་འབྲེལ་མ་ཡིན་པའི་ཕྱི་ལོགས་ཀྱི་དེབ་སོགས་ད་ལྟའི་ཆར་པར་སྐྲུན་བྱེད་རྒྱུའི་འཆར་གཞི་མེད་རུང་། མ་འོངས་པར་དུས་ཁོམ་བྱུང་ན་རིན་གོང་གང་ཆུང་ཆུང་ཐོག་མི་མང་གི་དཀའ་ངལ་སེལ་ཕྱིར་པར་སྐྲུན་བྱེད་སྲིད་པ་དང་། ཁེ་བཟང་ཉུང་ཉུང་ཞིག་བླངས་ནས་དེ་པར་ཁང་རང་གི་ལས་གཞིའི་ཆེད་དུ་གཏོང་གི་ཡིན་ཚུལ་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||