མོན་གྷོ་རུ་གཟུང་སྔགས་དུང་བསྒྲུབ་འཚོགས་པ།

ཟླ་འདིའི་ཚེས་༦ ཉིན་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དཔལ་མཉམ་མེད་འབྲི་གུང་བཀའ་བརྒྱུད་བདེ་ཆེན་ཆོས་འཁོར་གླིང་དུ་སྐྱབས་རྗེ་ཨ་དབྱངས་རིན་པོ་ཆེས་མཐུན་འགྱུར་གོ་སྒྲིག་འོག སངས་རྒྱས་འོད་དཔག་མེད་ཀྱི་གཟུང་སྔགས་དུང་སྒྲུབ་འཚོགས་བཞིན་ཡོད་པ་རེད།

news kagon 2012  4  6 2བདེ་ཆེན་ཞིང་སྒྲུབ་ཀྱི་གསུང་ཆོས་དང་ལས་འབྲས་ཀྱི་རྣམ་བཞག་སོགས་ངོ་སྤྲོད་གནང་མཁན་སྔ་འགྱུར་རྙིང་མའི་མཁན་པོ་བསྟན་འཛིན་ལགས་གདན་ཞུས་གནང་ཡོད་པ་དང་། སྦེལ་ཀོབ་འབྲི་གུང་བཀའ་བརྒྱུད་དགོན་གྱི་འགན་འཛིན་གཞོན་པ་ཚེ་དབང་བསྟན་འཛིན་ལགས་སུ་འདི་ལྟར་དུང་བསྒྲུབ་ཚོགས་པའི་དགོས་པ་རྒྱུ་མཚན་དང་དམིགས་ཡུལ་བཅས་ཀྱི་སྐོར་ལ་བཅར་འདྲིར་བྱས་པར། ཁོང་གིས་“མཎི་དང་ཨ་མི་དྷེ་བ། བཛྲ་གུ་རུ་གང་ཡིན་ཡང་དུང་བསྒྲུབ་ཁ་སྐོང་དང་བཅས་པ་གསོག་སྒྲུབ་བྱེད་ཀྱི་ཡོད་པ་རེད།  སྔོན་གྱི་རྒྱལ་བ་གོང་མ་རྣམས་ཀྱི་བཀའ་མདོ་རྒྱུད་དག་ན་གསུང་ཡོད་པ་བཞིན།  བླ་མ་སྐྱེས་ཆེན་དམ་པ་ཚོས་ཀྱང་དུས་ཀུན་ང་ཚོར་བཀའ་སློབ་བཀའ་དྲིན་སྐྱོང་གི་ཡོད་པ་ལྟར།   རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་བརྟེན་གཞི་བྱས་ཡོད་པའི་དཔལ་མཉམ་མེད་འབྲི་གུང་བཀའ་བརྒྱུད་པ་བདེ་ཆེན་ཆོས་འཁོང་གླིང་གོ་སྒྲིག་འོག་ལོ་ལྟར་ཟླ་བ་གཅིག་ཙམ་གྱི་དུས་ཡུན་རིང་འདིར་དུང་བསྒྲུབ་འཚོག་གི་ཡོད་པ་རེད།  ཆོས་ཚོགས་སྐབས་སུ་གཞིས་གྲོང་སོ་སོ་ནས་བཀའ་དགོན་བར་ཆོས་ཞུ་བ་ཚོར་འགྲོ་གྲོན་དང་གསོལ་ཚིགས་སོགས་ཀྱི་མཐུན་རྐྱེན་ཆ་ཚང་སྦྱར་གྱི་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད་གསུང་དོན། “དུང་སྒྲུབ་དེ་༢༠༠༠ ཐམ་པ་ནས་ལོ་ལྟར་འཚོག་གི་ཡོད་པ་རེད།    དེ་ཡང་ས་ཆ་འདིར་ཐོག་མར་གུར་བརྒྱབ་ནས་སྐྱབས་རྗེ་ཨ་དབྱངས་རིན་པོ་ཆེས་མི་མང་ལ་ཟབ་ལམ་འཕོ་བའི་གདམ་པ་གནང་གི་ཡོད་པ་རེད།  དེའི་རྗེས་སུ་ས་གནས་མི་མང་གིས་རེ་འདུན་བཞིན་དགོན་པ་ཆུང་ཆུང་འདི་བརྒྱབ་པ་རེད། ཡིན་ན་ཡང་རིན་པོ་ཆེའི་དགོངས་གཞི་དེ་གྲྭ་པ་ཁ་ཤས་བསྡུ་བསྐོང་བྱས་ནས་འགྲོ་སོང་ཆེན་པོ་བཏང་། ཁང་པ་འདྲ་བརྒྱབ་བསྡད་པ་ཡིན་ན་ཕན་ཐོགས་མི་འདུག  དེ་ལས་མི་མང་སྤྱི་ཡོངས་དང་ལྷག་པར་ལོ་ཆུང་ཚོར་དགེ་བའི་སྐུལ་མ་དང་ནང་ཆོས་ལ་གོམས་འདྲེས་ཡོང་ཐུབ་པའི་ཆེད་དུ་འདི་ལྟར་དུང་སྒྲུབ་འཚོག་རྒྱུའི་ཐུགས་འདུན་ཡོད་པ་བཞིན།   ལོ་ལྟར་དུང་སྒྲུབ་འདི་ལྟར་འཚོག་གི་ཡོད་པ་རེད།  དུང་སྒྲུབ་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་གཅིག་བོད་བསྟན་སྲིད་སྤྱིའི་ཆེད་དང་།  ལྷག་པར་དུ་ང་རང་ཚོ་བོད་གངས་ཅན་གྱི་གཙུག་གི་ནོར་བུ་༧སྐུ་མདུན་ཡིད་བཞིན་གྱི་ནོར་བུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་བཅས་ཀྱི་ཆེད་དང་། ད་ཐེངས་དུང་སྒྲུབ་འདི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་དུ་སྐུ་ལུས་མར་མེར་ཕུལ་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་རེད་”ཅེས་འགྲེལ་བརྗོད་གནང་སོང་།

དུང་བསྒྲུབ་དེ་ནི་ལོ་ལྟར་རེས་མོས་ཀྱི་ཆོས་ལུང་སྤྲུལ་གསུམ་གྱི་གཟུང་སྔགས་གསོག་སྒྲུབ་བྱས་ནས་འཚོག་གི་ཡོད་པ་རེད་ལ། ད་ཐེངས་དུང་བསྒྲུབ་ཐེངས་༡༣ ཆགས་ཡོད་པ་རེད།།

མོན་གྷོ་གསར་འགོད་པས།

Share this:
༡༠༣ ཀློག་གྲངས།