སྒྲོལ་དཀར་ལྷ་མོ་དང་བོད་ཀྱི་གསར་འགོད་པ།

ཉེ་ཆར་བུད་མེད་ཚོགས་པའི་ཚོགས་ཆེན་སྐོར་གྱི་གནས་ཚུལ་ཞིག་རྒྱུད་ལམ་ཁག་ནས་ཐོས་བྱུང་། སྐབས་དེར་བཀའ་ཟུར་མཁས་དབང་ཟམ་གདོང་པཎ་ཆེན་དང་་བཀའ་ཟུར་རིན་ཆེན་མཁའ་འགྲོ་གཉིས་ཀྱིས་ལམ་སྟོན་དང་གསུང་བཤད་སོགས་གོ་དུས་བོད་ཀྱི་བེུད་ཚོགས་པ་འདིར་གདེང་འཇོག་བྱ་འོས་པ་ལྟ་བུ་ཞིག་བྱུང་སོང། ཡིན་ནའང་མི་རིང་བ་བེུད་ཚོགས་གཙོ་སྒྲོལ་དཀར་ལྷ་མོས་སྒོ་འབུམ་གཉིས་ལྐོག་ཟས་བྱས་ཡོད་པའི་སྐད་ཆ་ཞིག་འོག་ནས་ཡར་གོ་རྒྱུ་འདུག་ལ་ཐོག་ནས་མར་ཡང་གོ་བྱུང་མ་ཟད་བོད་མིི་རིགས་ལ་ཁ་སེམས་དཀར་བའི་མཁྱེན་ལྡན་གྱི་གྲོགས་པོ་མི་ཉུང་བ་སྐོར་ཞིག་གིས་ངོ་དེབ་དང་ཟིན་བྲིས་ཁག་ནང་འདྲེན་བཀོད་གནང་བ་མཐོང་དུས།

ངོ་མ་ང་བོད་ཀྱི་གསར་འགོད་པ་རྣམས་ལ་ཧམ་བསམ་སོང། གསར་འགོད་པ་ཞིག་ཡིན་ན་དྲང་བདེན་དང་འཇིག་ཞུམ་མེད་པ། གནས་ཚུལ་ཇི་མ་ཇི་བཞིན་དུས་ཐོག་ཏུ་འགོད་དགོས་པ་དེ་གསར་འགོད་པའི་ཁྲིམས་དང་འོས་འགན་རེད་ཟེར་བའི་སྐད་ཆ་དེ་ཁ་ཐོག་བཤད་རྒྱུ་ཙམ་ལས་དོན་ཐོག་གི་ལག་ལེན་རེད་མི་འདུག་སྙམ། བོད་ཀྱི་དུས་བབ་ལ་མཚོན་ནམ་རྒྱུན་དྷ་ས་སྲང་ལམ་གསེས་ནས་གྲྭྭ་བཙུན་དག་གིས་བཙན་གཡེང་དང་ལོག་གཡེང་བྱས་རབས་ཚུན་ཆད་ལ་ཐུགས་སྣང་ཆེན་པོ་གནང་ནས་རིའི་རྩེ་དང་ལུང་ཁུག་གང་དུ་འགྲོ་དགོས་ཀྱང་ངལ་བ་སྟེན་གྱི་མེད། དེ་རིང་སྒྲོལ་དཀར་ལྷ་མོའི་སྐོར་གོ་རིག་མཐོང་གསུམ་ཅི་ཡང་མེད་དུས་སེམས་གཏིང་ནས་བོད་ཀྱི་དུས་བབ་ལ་བསྐྱང་པའི་ཡི་ཆེས་དེར་ཡང་རང་བཞིན་གྱི་སྐྱོན་ཞིག་ཡོང་གིན་འདུག དེ་བཞིན་བང་ཆེན་ཚང་གིས་ཀྱང་གནས་ཚུལ་དེའི་སྐོར་དྲྭ་ཐོག་འཇོག་ཚར་དུས་སླར་ཡང་ཕྱིར་བསྡུར་གནང་སྟངས་ལ་གཞིག་ན་སྒྲོལ་དཀར་ལྷ་མོའི་རྒྱབ་ལོག་ཏུ་མངོན་པའི་མི་བསལ་མི་ཆེན་དང་དཔོན་ཆེན་རེ་གཟུང་གིས་ཞལ་རས་མཇལ་བ་མིན་ན་སྙམ། ནང་རྒྱུན་ཁ་བརྡ་ཚང་ནི་མི་མང་མཐོ་སྨད་ཚང་མའི་གནས་ཚུལ་ལ་ཁ་གཡར་གནང་མཁན་གྱི་གྲས་ཤིག་རེད་མོད་འོན་ཀྱང་དེ་རིང་ཁ་བརྡ་ཚང་ཡང་ཁུ་སིམ་སིམ་འདྲ་བཞུགས་སོང།  ཁྱེད་ཅག་གསར་འགོད་པའི་འགན་འཁྱེར་གྱི་ཡོད་ན་གནས་ཚུལ་འདི་སྒྲོལ་དཀར་ལྷ་མོར་སྐྱོན་འདོགས་བྱེད་ཀྱི་མེད་ཀྱང་དངོས་ཡོད་གནས་ཚུལ་ཞིག་མགྱོགས་མྱུར་དྲྭ་ཐོག་ཏུ་འགོད་ཐབས་གནང་རོགས། 

Share this:
༡༧༢ ཀློག་གྲངས།