སྦེལ་ཀོབ་བོད་མིའི་བོད་དོན་རིམ་འགྲོ།

ཟླ་འདིའི་ཚེས་༢༠ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག བོད་མདོ་སྨད་འཛམ་ཐང་དུ་ཆོས་འཕགས་སྐྱབས་དང་བསོད་ནམས་གཉིས་ཀྱིས་བོད་རང་དབང་སླར་གསོའི་ཆེད་དུ་རང་ལུས་མེར་བསྲེག་བཏང་ནས་སྐུ་གྲོངས་པར།

2012-4-20-bylakuppeགདུང་སེམས་མཉམ་བསྐྱེད་ཀྱི་བསྔོ་སྨོན་དགོང་ཚོགས་ཤིག་འཚོགས་ཡོད་པ་རེད། ཚོགས་འདུ་དེར་མི་མང་སུམ་བརྒྱ་ཙམ་འདུ་འཛོམས་བྱུང་འདུག་ལ།  གཞན་ཡང་ཟླ་འདིའི་ཚེས་༡༨ ཉིན་ནས་ས་གནས་དབུས་གཙང་རྒྱུན་ལས་ཀྱི་གོ་སྒྲིག་འོག བདེ་སྐྱིད་སླར་གསོའི་མི་མང་ཚོགས་ཁང་དུ་མི་མང་སུམ་བརྒྱ་བརྒལ་བས་༧རྒྱལ་བའི་ཞབས་བརྟན་དང་། བོད་དོན་དུ་རང་ལུས་མེ་རུ་སྤར་མཁན་དག་གི་མཛད་རྗེས་ལ་ཡི་རངས་མཚོན་ཆེད་སྒྲོལ་མ་འབུམ་ཐེར་གསོག་སྒྲུབ་འགོ་འཛུགས་བྱས་ཡོད་པ་རེད།།

མེ་སོར་གསར་འགོད་པས།

Share this:
༡༥ ཀློག་གྲངས།