འཛམ་གླིང་ཞི་བདེའི་ཆེད་བགྲོ་གླེང་དང་གོམ་བགྲོད།

དེར་མཁན་པོ་ཀར་བསྟན་གྱིས་ནང་ཆོས་དང་འབྲེལ་བའི་སྒོ་ནས་འཛམ་གླིང་ཞི་བདེ་ཡོང་ཐབས་སྐོར་གྱི་གསུང་བཤད་གནང་བ་དང༌། དགེ་བཤེས་བསྟན་འཛིན་བདེ་མཆོག་གིས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། དེར་བལ་ཡུལ་གྱི་སྲིད་འཛིན་གཞོན་པ་མཆོག་གོམ་བགྲོད་དབུ་འཛུགས་ཀྱི་མཛད་སྒོ་ལ་ཕེབས་ཏེ་གོམ་བགྲོད་པའི་དགོས་དམིགས་དང་འབྲེལ་བའི་ཐོག་གསུང་བཤད་གནང་ཡོད་འདུག བོད་མི་དེ་དག་ལས་གཞོན་སྐྱེས་གསུམ་པོའི་ལག་ཏུ་བོད་ཀྱི་རྒྱལ་དར་རེ་ཁྱེར་ནས་ཚོགས་མི་གཞན་དང་འདྲ་བ་ལུམྦི་ནཱི་ནས་མཉན་ཡོད་བར་གོམ་བགྲོད་ནང་མཉམ་ཞུགས་བྱས་ཡོད་པ་དང༌། གོམ་བགྲོད་པ་དེ་དག་ལས་ཕལ་མོ་ཆེ་མཐོ་རིམ་སློབ་གྲྭའི་སློབ་མ་ཡིན་པ་དང་ཉིན་༡༠ རིང་གོམ་བགྲོད་བྱས་རྗེས་མཉན་ཡོད་དུ་སླེབས་རྒྱུ་ཡིན་པ་རེད། །
བལ་ཡུལ་གསར་འགོད་པས།

Share this:
༨༦ ཀློག་གྲངས།